- kun kyang chu yi rgya mtsho chen por gyur
- ID:
- T223102
- ཀུན་ཀྱང་ཆུ་ཡི་རྒྱ་མཚོ་ཆེན་པོར་གྱུར (Tibetan, Tibetan script, Original)
- > kun kyang chu yi rgya mtsho chen por gyur (Tibetan, Latin script, Transliteration-THL Extended Wylie Transliteration)
- > kün kyang chu yi gyatso chenpor gyur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་རབས་བོད་ཀྱི་ལོ་རྒྱུས་དཔེ་དེབ་མང་པོའི་ནང་བོད་ཀྱི་ས་ཆ་འདི་ཐོག་མར་ཆུས་གང་བའི་ས་ཁུལ་ཞིག་ཡིན་པ་དང་། རྗེས་སུ་མཚོ་ཆུ་དེ་རྣམས་ཀོང་པོ་སྨད་ཀྱི་རྒྱ་ལ་སེང་གཏམ་ཟེར་བའི་རིའི་ཁོག་པ་བརྡོལ་ནས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་དང་། བྷམ་ག་ལ་བརྒྱུད་ཧིན་དྷུ་རྒྱ་མཚོ་ཆེན་པོར་འབབ་པ་ནས་རིམ་གྱིས་སྐམ་ས་དང་། ནགས་ཚལ་སོགས་ཆགས་པ་ཡིན། ཚན་རིག་མཁས་པ་མང་པོས་སྟོད་མངའ་རིས་ས་ཁུལ་གྱི་ཇོ་མོ་གླང་མའི་རི་རྩེར་ཞིབ་ཚགས་ཀྱིས་རྟོག་ཞིབ་དང་བརྟག་དཔྱད་བྱས་སྐབས་ལོ་ངོ་དུང་ཕྱུར་ལྔའི་སྔོན་ནས་བྱེ་བ་གསུམ་གྱི་གོང་བར་གྱི་ས་གཤིས་དུས་སྐབས་སོ་སོའི་གཡའ་རྡོའི་ཆགས་རིམ་ནང་དུ་རྒྱ་མཚོའི་གཏིང་དུ་འཚོ་བ་བསྐྱལ་བའི་ཉ་དང་། བྱི་རུ། མཚོ་རྩ་སོགས་སྲོག་ཆགས་དང་། རྩི་ཤིང་གི་འགྱུར་རྡོ་ཧ་ཅང་མང་པོ་རྙེད་པ་དེའི་ཐོག་ནས། ལོ་ངོ་དུང་ཕྱུར་ཉི་ཤུ་ལྷག་ཙམ་གྱི་གོང་དུ་རི་བོ་ཧི་མ་ལ་ཡའི་ས་ཁུལ་དེ་མཚོ་ཁུལ་ཞིག་ཡིན་པར་ར་སྤྲོད་བྱུང་བ་དང་ཆབས་ཅིག ས་བབས་དེ་ལས་དམའ་བའི་དབུས་གཙང་ཁམས་གསུམ་སོགས་སྐབས་དེར་ཆུས་གང་བའི་ས་ཁུལ་ཞིག་ཡིན་པར་གསལ་བཤད་བྱས་ཡོད།
- language:
- Tibetan