- kun mkhyen yon tan rgya mtsho
- ID:
- T223119
- ཀུན་མཁྱེན་ཡོན་ཏན་རྒྱ་མཚོ (Tibetan, Tibetan script, Original)
- > kun mkhyen yon tan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > künkhyen yönten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་མཁས་དབང་ཆེན་པོ་ཞིག་ཡིན། གཙང་སྟོད་མདོག་གཞུང་གི་མཁར་རྙིང་དུ་རབ་བྱུང་བཞི་པའི་ལྕགས་སྤྲེལ(༡༢༦༠)ལོར་འཁྲུངས། འདར་གྱི་གདན་ས་གཙོ་བོར་བྱས་པའི་གྲྭ་ས་མང་པོར་གཞུང་ཆེན་རྣམས་ལ་སྦྱངས་པ་མཛད། ས་སྐྱའི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་གསང་སྔགས་གསར་རྙིང་གི་མཁས་པ་མང་དུ་བསྟེན་ཞིང་། ཤར་པ་འཇམ་དབྱངས་པའི་སློབ་མའི་གཙོ་བོ་དང་ཟུར་ཆོས་པ་ཡིན། ཇོ་ནང་ཀུན་སྤུངས་པ་ཐུགས་རྗེ་བརྩོན་འགྲུས་ལ་བསྟེན་ནས་ཇོ་ནང་གི་ཆོས་སྐོར་དང་ཁྲིད་གསན། བྱང་སེམས་རྒྱལ་བ་ཡེ་ཤེས་སྐུ་འདས་རྗེས་དགུང་ལོ་རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ་(༡༣༢༠)ལོར་ཇོ་ནང་གི་གདན་སར་ཕེབས། ཇོ་ནང་སྒྲུབ་བརྒྱུད་ཀྱི་བསྟན་པ་བསྐྱངས་ཏེ་ལོ་བདུན་ཙམ་སོང་བ་ན། ཀུན་མཁྱེན་དོལ་པོ་བ་གདན་སར་བསྐོས། དགུང་ལོ་རེ་བརྒྱད་པ་རབ་བྱུང་དྲུག་པའི་མེ་ཡོས(༡༣༢༧)ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་མཁས་དབང་ཆེན་པོ་ཞིག་ཡིན། གཙང་སྟོད་མདོག་གཞུང་གི་མཁར་རྙིང་དུ་རབ་བྱུང་བཞི་པའི་ལྕགས་སྤྲེལ (༡༢༦༠) ལོར་འཁྲུངས། འདར་གྱི་གདན་ས་གཙོ་བོར་བྱས་པའི་གྲྭ་ས་མང་པོར་གཞུང་ཆེན་རྣམས་ལ་སྦྱངས་པ་མཛད། ས་སྐྱའི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་གསང་སྔགས་གསར་རྙིང་གི་མཁས་པ་མང་དུ་བསྟེན། ཀུན་བཁྱེན་དོལ་པོ་བ་གདན་སར་བསྐོས། དགུང་ལོ་རེ་བརྒྱད་པ་རབ་བྱུང་དྲུག་པའི་མེ་ཡོས (༡༣༢༧) ལོར་གཤེགས།
- language:
- Tibetan