- kun brtags gdon gyi nad
- ID:
- T223136
- ཀུན་བརྟགས་གདོན་གྱི་ནད (Tibetan, Tibetan script, Original)
- > kun brtags gdon gyi nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > küntak dön gyi né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱབ་རྟེན་མི་མ་ཡིན་གྱིས་བྱས་པར་གྲགས་པའི་འབྱུང་པོའི་གདོན་ནད་ཀྱི་མིང་སྟེ། ཕྱི་མ་འཕྲིན་ལས་རྒྱུད་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། དེ་མ་བཅོས་པས་སྨན་དཔྱད་ལེན་མི་འདོད། གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། དཔེར་ན་དཔུང་པ་གཡར་བའི་བཙོན་བུ་འདྲ། ཞེས་དང་། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། ཀུན་བརྟགས་གདོན་གྱི་ནད་ནི། དོན་དམ་དུ་རང་གཞི་རང་ངོ་ཤེས་པར་གྱུར་ན་ལྷ་དང་འདྲེ་ཞེས་མེད་ཀྱང་། ཀུན་རྫོབ་ཏུ་འཁྲུལ་བའི་སེམས་ཀྱིས་རྣམ་པར་ཀུན་ཏུ་བརྟགས་ཤིང་ཕན་གནོད་སྒྲོ་བཏགས་བྱས་པ་ལས་བྱུང་བའི་འབྱུང་པོས་གནོད་པ་གཏོང་བའི་ནད་གཟའ་གདོན་དང་། རྒྱལ་གདོན། ཀླུ་གདོན་ལྟ་བུ་རྒྱབ་རྟེན་མི་མིན་གྱིས་བྱས་པའི་ནད་ཀྱི་མིང་ངོ་། །ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནད་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། ཀུན་བརྟགས་གདོན་ནི། གྲིབ་མ་འདྲེར་འཛིན་ལྟར་བློ་འཁྲུལ་བས་གཞན་ལ་གནོད་པའི་ལན་ཆགས་རང་ལ་འཁོར་ཞིང་རང་ཉིད་གསོ་བ་ལན་ཆགས་དེ་མཆོད་སྦྱིན་རིམ་གྲོས་གཞལ་བ་ལ་བལྟོས་དགོས་པའི་ནད། ཅེས་གསུངས་ལྟར་རོ། །
- language:
- Tibetan