Skip to main content Skip to search
kun bzang la rig 'dzin brgyad kyis bskor ba
ID:
T223151
  • ཀུན་བཟང་ལ་རིག་འཛིན་བརྒྱད་ཀྱིས་བསྐོར་བ (Tibetan, Tibetan script, Original)
    • > kun bzang la rig 'dzin brgyad kyis bskor ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kunzang la rigdzin gyé kyi korwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གསང་སྔགས་སྔ་འགྱུར་རྙིང་མའི་གཞུང་ནས་གསུངས་པའི་ཀུན་ཏུ་བཟང་པོ་ལ་འཁོར་རིག་འཛིན་བརྒྱད་ཀྱིས་བསྐོར་བ་སྟེ། གཙོ་བོ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་ཡབ་ཡུམ་ཞལ་སྦྱོར་རྒྱལ་བ་རྡོ་རྗེ་འཆང་གི་བཞུགས་སྟངས་དང་འདྲ་བ་ལ་ན་བཟའ་དང་རྒྱན་མེད་པའི་གཅེར་བུར་བཞུགས་པ་དེའི་འཁོར་དུ་རིག་འཛིན་བརྒྱད་དེ། ༡སྐུའི་རིག་འཛིན་སློབ་དཔོན་འཇམ་དཔལ་བཤེས་གཉེན། ༢གསུང་གི་རིག་འཛིན་སློབ་དཔོན་འཕཀས་པ་ཀླུ་སྒྲུབ། ༣ཐུགས་ཀྱི་རིག་འཛིན་སློབ་དཔོན་ཧཱུ་ཀ་ར། ༤ཡོན་ཏན་གྱི་རིག་འཛིན་སློབ་དཔོན་བི་མ་ལ་མི་ཏྲ། ༥འཕྲིན་ལས་ཀྱི་རིག་འཛིན་སློབ་དཔོན་པྲ་བྷ་ཧ་སྟི། ༦་དབྱིངས་ཀྱི་རིག་འཛིན་སློབ་དཔོན་དྷ་ན་སསྐྲ་ཏ། ༧མངོན་སྤྱོད་ཀྱི་རིག་འཛིན་སློབ་དཔོན་རོམྦུ་གུཧུ་ཙནྡྲ།།སྨོད་པ་དྲག་སྔགས་ཀྱི་རིག་འཛིན་སློབ་དཔོན་ཤནྟིམ་གརྦ་བཅས་ཀྱིས་བསྐོར་བ་ཞིག་ཡིན།

language:
Tibetan

2. Thupten Phuntsok Dictionary

གསང་སྔགས་སྔ་འགྱུར་རྙིང་མའི་གཞུང་ནས་གསུངས་པའི་ཀུན་ཏུ་བཟང་པོ་ལ་འཁོར་རིག་འཛིན་བརྒྱད་ཀྱིས་བསྐོར་བ་སྟེ། གཙོ་བོར་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་ཡབ་ཡུམ་ཞལ་སྦྱོར་རྒྱལ་བ་རྡོ་རྗེ་འཆང་གི་བཞུགས་སྟངས་དང་འདྲ་བ་ལ་ན་བཟའ་དང་རྒྱན་མེད་པའི་གཅེར་བུར་བཞུགས་པ་དེའི་འཁོར་དུ་རིག་འཛིན་བརྒྱད་དོ། །

language:
Tibetan