Skip to main content Skip to search
ko ki'i yul
ID:
T223175
  • ཀོ་ཀིའི་ཡུལ (Tibetan, Tibetan script, Original)
    • > ko ki'i yul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ko ki yul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

《རྒྱ་གར་ཆོས་འབྱུང》སྐབས་སོ་དགུ་པ་ལས་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ལ་དུམ་བུ་གསུམ་དུ་ཕྱེ་བའི་དུམ་བུ་དང་པོ་ཉི་འོག་ཤར་ཕྱོགས་ཀྱི་ཁོངས་སུ་བྷམ་ག་ལ་དང་། ཨོ་ཊི་བི་ཤ་གཉིས། བྱང་ཤར་ངོས་ཀ་མ་རུ་པ་དང་། ཏི་པུ་ར། ཧ་སམ་གྱི་ཡུལ་རྣམས་ལ་གི་རི་ཝ་རྟའམ་རིས་བསྐོར་བའི་ཡུལ་དུམ་བུ་གསུམ་པ། གོང་གསལ་གྱི་ཡུལ་དེ་དག་ལས་ཤར་ཕྱོགས་སུ་ཕྱིན་པ་ན་བྱང་ངོས་ཀྱི་རི་དང་ཐག་ཉེ་བའི་ཕ་ཡི་སུ་སོགས་ར་ཁང་གི་ཡུལ། ཧམ་ས་ཝརྟི་དང་། རྐོ་ལ་སོགས་མུ་ཉང་གི་ཡུལ། གཞན་ཡང་ཙཀ་རྨ་དང་ཀམ་པོ་ཛ་ལ་སོགས་པ་ཐམས་ཅད་ཀྱི་སྤྱི་མིང་དུ་ཀོ་ཀིའི་ཡུལ་ཞེས་ཟེར་བ་དང་། ཡུལ་དེ་དག་ཏུ་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་བྱུང་ཞིང་སློབ་དཔོན་དབྱིག་གཉེན་མ་བྱོན་གོང་བར་ཉན་ཐོས་སྡེ་པ་ཁོ་ན་ཡིན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འགའ་ཞིག་གིས་ཡུལ་དེར་ཐེག་པ་ཆེན་པོ་དར་བར་མཛད། རྒྱལ་པོ་དྷརྨ་པྰ་ལ་མན་ཆད་དུ་རྒྱ་གར་ཡུལ་དབུས་སུ་ཀོ་ཀིའི་ཡུལ་ནས་ཕེབས་པའི་སློབ་གཉེར་བ་ཤིན་ཏུ་མང་ཞིང་། ལྷག་པར་དུ་རྒྱལ་པོ་སེ་ན་བཞིའི་དུས་རྒྱ་གར་མ་ག་དྷར་ཡོད་པའི་དགེ་འདུན་གྱི་སྡེ་ཕྱེད་ཙམ་ཀོ་ཀིའི་ཡུལ་ནས་བྱོན་པ་ཡིན་པས། ཐེག་པ་ཆེན་པོའི་ཆོས་ཧ་ཅང་གི་དར་རྒྱས་ཆེན་པོ་བྱུང་སྟེ་ཐེག་པ་ཆེ་ཆུང་གི་དབྱེ་བ་མེད་པར་སོང་། སློབ་དཔོན་ཨདྷྱ་ཀ་ར་བྱོན་པའི་དུས་ཙམ་ནས་གསང་སྔགས་ཀྱི་བསྟན་པ་དར་རྒྱས་ཆེ་རུ་སོང་སྟེ། སེ་ན་བཞིའི་རྒྱལ་བརྒྱུད་ཀྱི་མཇུག་བུདྷ་སེ་ནའི་སྐབས་ཏཱ་སིག་དུ་རུ་ཀའི་དམག་གིས་རྒྱ་གར་མ་ག་དྷ་བཅོམ་ནས་ནང་པ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་དུས་སུ་པཎྜི་ཏ་དང་མཁས་པ་ཕལ་ཆེ་བ་ཀོ་ཀིའི་ཡུལ་དུ་ཡུལ་གྱར་དུ་ཕེབས་པར་བརྟེན་ཐེག་པ་ཆེན་པོ་མདོ་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་ཏེ། དུས་རབས་བཅོ་ལྔ་པའི་འགོར་བོད་དུ་ཐེངས་གཉིས་ཕེབས་མྱོང་བའི་པཎྜི་ཏ་ནགས་ཀྱི་རིན་ཆེན་ཡང་ཡུལ་དེ་ནས་བྱོན་པའི་པཎྜི་ཏ་ཡིན། ཞིབ་པར《རྒྱ་གར་ཆོས་འབྱུང》ལྕགས་དཔར་མའི་གྲངས༣༡༦ནས༣༡༨བར་གསལ།

language:
Tibetan

2. Thupten Phuntsok Dictionary

རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ལ་དུམ་བུ་གསུམ་དུ་ཕྱེ་བའི་དུམ་བུ་དང་པོ་ཉི་འོག་ཤར་ཕྱོགས་ཀྱི་ཁོངས་སུ་བྷམ་ག་ལ་དང་། ཨོ་ཊི་བི་ཤ་གཉིས། བྱང་ཤར་ངོས་ཀ་མ་རུ་པ་དང་། ཏི་པུ་ར། ཧ་སམ་གྱི་ཡུལ་རྣམས་ལ་གི་རི་ཝ་རྟའམ་རིས་བསྐོར་བའི་ཡུལ་དུམ་བུ་གསུམ་པ། གོང་གསལ་གྱི་ཡུལ་དེ་དག་ལས་ཤར་ཕྱོགས་སུ་ཕྱིན་པ་ན་བྱང་ངོས་ཀྱི་རི་དང་ཐག་ཉེ་བའི་ཕ་ཡི་སུ་སོགས་ར་ཁང་གི་ཡུལ། ཧམ་ས་ཝརྟི་དང་། རྐོ་ལ་སོགས་མུ་ཉང་གི་ཡུལ། གཞན་ཡང་ཙཀ་རྨ་དང་ཀམ་པོ་ཛ་ལ་སོགས་པ་ཐམས་ཅད་ཀྱི་སྤྱི་མིང་དུ་ཀོ་ཀིའི་ཡུལ་ཞེས་ཟེར་བ་དང་། ཡུལ་དེ་དག་ཏུ་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་བྱུང་ཞིང་སློབ་དཔོན་དབྱིག་གཉེན་མ་བྱོན་གོང་བར་ཉན་ཐོས་སྡེ་པ་ཁོ་ན་ཡིན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འགའ་ཞིག་གིས་ཡུལ་དེར་ཐེག་པ་ཆེན་པོ་དར་བར་མཛད་དོ། །

language:
Tibetan