- kong po brag gsum gyi mtsho rdzong
- ID:
- T223215
- ཀོང་པོ་བྲག་གསུམ་གྱི་མཚོ་རྫོང (Tibetan, Tibetan script, Original)
- > kong po brag gsum gyi mtsho rdzong (Tibetan, Latin script, Transliteration-THL Extended Wylie Transliteration)
- > kongpo drak sum gyi tso dzong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀོང་པོ་ཞོ་ཁ་རྫོང་མཚོ་འགོ་ཆུས་ཀྱི་ཁོངས་སུ་ཡོད་པའི་མཚོ་ཆེན་པོ་ཞིག་གི་དཀྱིལ་དུ་རི་ཆུང་དང་། དེར་ལྷ་ཁང་ཆུང་ཆུང་ཞིག་གི་ནང་གུ་རུ་དྲག་པོ་ཞེས་སློབ་དཔོན་པདྨ་འབྱུང་གནས་ཁྲོ་བོའི་སྐུར་བཞེངས་པའི་སྐུ་བརྙན་ཞིག་བཅས་ཡོད། གནའ་དུས་བོད་ཀྱི་བཙན་པོའི་ལོ་རྒྱུས་སུ་བཙན་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱིས་བྲག་གསུམ་གྱི་མཚོ་འདིའི་འགྲམ་ནས་རྟ་འདོ་བ་ཅང་ཤེས་རྙེད་པའི་ལོ་རྒྱུས་ཡོད་པ་དང་། དམངས་ཁྲོད་ཀྱི་ངག་རྒྱུན་དུ་མཚོ་འདིའི་ནང་ནས་སྐབས་རེ་རྟ་འགྲོ་བ་མཐོང་རྒྱུ་ཡོད་ཟེར།
- language:
- Tibetan
2. Thupten Phuntsok Dictionary
ཀོང་པོ་ཞོ་ཁ་རྫོང་མཚོ་འགོ་ཡུལ་ཁོངས་སུ་ཡོད་པའི་མཚོ་ཆེན་པོ་ཞིག་གི་དཀྱིལ་དུ་རི་ཆུང་དང་། དེར་ལྷ་ཁང་ཆུང་ཆུང་ཞིག་གི་ནང་གུ་རུ་དྲག་པོ་ཞེས་སློབ་དཔོན་པདྨ་འབྱུང་གནས་ཁྲོ་བོའི་སྐུར་བཞེངས་པའི་སྐུ་བརྙན་ཞིག་བཅས་ཡོད།
- language:
- Tibetan