Skip to main content Skip to search
kong rtse 'phrul rgyal
ID:
T223222
  • ཀོང་རྩེ་འཕྲུལ་རྒྱལ (Tibetan, Tibetan script, Original)
    • > kong rtse 'phrul rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kong tsé trul gyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལ་བོད་ཡིག་ཐོག་བཤད་སྲོལ་འདྲ་མིན་མང་པོ་མཆིས་པ་ལས། 《མཁས་པའི་དགའ་སྟོན》པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་མ་ཤོག་གྲངས༢༠༦ཐོག་རྒྱལ་པོ་ཐང་ཐའི་ཛུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ་ཞེས་འཁོད་པ་འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་ལ་བཟོ་བོ་མཁས་པ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་འདྲ་བའི་བསྟོད་བསྔགས་བྱས་པ་ཞིག་ཡིན་ཆོད་ལས། ཐང་ཐའི་ཙུང་ལ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མིང་སྒྲ་རྒྱ་སྐད་ཐོག་བརྗོད་སྲོལ་མི་སྣང་ལགས།

language:
Tibetan

2. Thupten Phuntsok Dictionary

སྤྱི་ལོའི་སྔོན་གྱི་༡༥༥༧པའི་ཤིང་བྱི་ལོར་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གངས་ཏི་སེའི་ནུབ་ཕྱོགས་སུ་རྒོད་རྗེ་ཀོང་ཙེ་རྒྱ་ཡི་ཡུལ་དུ་འཁྲུངས་ཞེས་པ་དེང་དུས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་འཁྲུངས་ཡོད་པར་ངེས། ཁོང་གིས་འབྱུང་རྩིས་ལ་བསྟེན་ནས་གཏོ། མདོས། ཡས། གླུད་བཅས་ཀྱི་ཆོ་ག་མང་པོ་བཟོས་པ་དེང་དུས་ཡང་བོད་མིའི་ཆོས་ཀྱི་འཚོ་བའི་ནང་དུ་དར་སྲོལ་ཆེ།

language:
Tibetan