- kyin thA zi
- ID:
- T223262
- ཀྱིན་ཐཱ་ཟི (Tibetan, Tibetan script, Original)
- > kyin thA zi (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyin ta zi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྔོན་དུས་ཡོན་རྒྱལ་རབས་ཀྱི་ཕོ་བྲང་ལང་གྲུ(凉州)མཁར་ཡོད་ས་ནས་ལྷོ་ཕྱོགས་སུ་ལེ་དབར་སུམ་ཅུ་ཕྱིན་པ་ན་ཧེ་མོ་ཏུང་སྟེ་ཕག་མོ་སྡེ་ཡོད་པ་དང་། དེ་ནས་ལེ་དབར་ལྔ་སོང་བ་ན་ཡོན་རྒྱལ་རབས་ཀྱི་གོང་མ་གསེར་གྱི་སྐ་རགས་ཅན(ཧུ་པི་ལི་ཡིན་མིན་བརྟག)གྱི་དུར་ས་ཡོད་སར་དགོན་པ་བཞེངས་པའི་མིང་ལ་རྒྱ་སྐད་དུ་ཀྱིན་ཐཱ་ཟི་སྟེ་བོད་སྐད་དུ་དབང་གི་སྡེ་ཟེར་བ་ལྷ་ཁང་དབུས་མར་ས་སྐྱ་པཎ་ཆེན་གྱིས་བཞེངས་པ་གནང་བའི་ཐུབ་དབང་གི་སྐུ་དང་། མགོན་པོ་གུར་གྱི་སྐུ་བརྙན། རྒྱལ་པོ་གོ་དྭན་འཁོར་བཅས་ལ་དབང་གནང་སྐབས་ཀྱི་དཀྱིལ་འཁོར་སྟེགས་བུ་གྲུ་བཞི་རྡོ་ལས་བྱས་པ། འགྲོ་མགོན་འཕགས་པས་བཞེངས་པར་གྲགས་པའི་དུས་གསུམ་སངས་རྒྱས་ཉེ་སྲས་བརྒྱད་དང་བཅས་པ། ད་དུང་ཉེ་འདབས་ལྷ་ཁང་གཞན་འགའ་ཞིག་ཡོད་ཚུལ་སོགས《མདོ་སྨད་ཆོས་འབྱུང》ཤོག་གྲངས་གོང་གསལ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
སྔོན་དུས་ཡོན་རྒྱལ་རབས་ཀྱི་ཕོ་བྲང་ལང་གྲུ་མཁར་ཡོད་ས་ནས་ལྷོ་ཕྱོགས་སུ་ལེ་དབར་སུམ་ཅུ་ཕྱིན་པ་ན་ཧེ་མོ་ཏུང་སྟེ་ཕག་མོ་སྡེ་ཡོད་པ་དང་། དེ་ནས་ལེ་དབར་ལྔ་སོང་བ་ན་ཡོན་རྒྱལ་རབས་ཀྱི་གོང་མ་གསེར་གྱི་སྐ་རགས་ཅན (ཧུ་པི་ལི་ཡིན་མིན་བརྟག) གྱི་དུར་ས་ཡོད་སར་དགོན་པ་བཞེངས་པའི་མིང་ལ་རྒྱ་སྐད་དུ་ཀྱིན་ཐཱ་ཟི་སྟེ་བོད་སྐད་དུ་དབང་གི་སྡེ་ཟེར་བ་ལྷ་ཁང་དབུས་མར་ས་སྐྱ་པཎ་ཆེན་གྱིས་བཞེངས་པ་གནང་བའི་ཐུབ་དབང་གི་སྐུ་དང་། མགོན་པོ་གུར་གྱི་སྐུ་བརྙན། རྒྱལ་པོ་གོ་དྭན་འཁོར་བཅས་ལ་དབང་གནང་སྐབས་ཀྱི་དཀྱིལ་འཁོར་སྟེགས་བུ་གྲུ་བཞི་རྡོ་ལས་བྱས་པ། འགྲོ་མགོན་འཕགས་པས་བཞེངས་པར་གྲགས་པའི་དུས་གསུམ་སངས་རྒྱས་ཉེ་སྲས་བརྒྱད་དང་བཅས་པ། ད་དུང་ཉེ་འདབས་ལྷ་ཁང་གཞན་འགའ་ཞིག་ཡོད།
- language:
- Tibetan