Skip to main content Skip to search
kri ya sa muts+tsha
ID:
T223295
  • ཀྲི་ཡ་ས་མུཙྪ (Tibetan, Tibetan script, Original)
    • > kri ya sa muts+tsha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > triya sa mutstsa(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱ་གར་སྐད། རྒྱ་གར་གྱི་སློབ་དཔོན་དར་རྦན་ཨ་ཙརྱ་འགྲོ་བའི་མེ་ལོང་གིས་མཛད་པའི་གཞུང་ཞིག་གི་མིང་ཡིན། བོད་སྐད་དུ་བསྒྱུར་ན《བྱ་བ་བསྡུས་པ》ཞེས་ཟེར། སྡེ་དགེ་བསྟན་འགྱུར་གྱི་རྒྱུད་པོད[བུ]པའི་ནང་ཡོད། དུས་རབས་བཅུ་གཅིག་པའི་ནང་ལོ་ཙཱ་བ་བློ་གྲོས་རྒྱལ་གྱིས་བོདསྐད་དུ་བསྒྱུར། འདིའི་ནང་དཀྱིལ་འཁོར་གྱི་ལྷ་ཚོགས་མི་འདྲ་བ་ཞེ་ལྔའི་དབང་བསྐུར་ཚུལ་གསུངས་ཡོད་པ་ལས་ཞེ་གཉིས《དཀྱིལ་ཆོག་རྡོ་རྗེ་ཕྲེང་བ》དང་མི་འདྲ་བ་མེད་ཅིང་། 《རྡོ་རྗེ་ཕྲེང་བར》མི་གསལ་བ་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ། ༡ནོར་རྒྱུན་མ་ལྷ་བཅུ་དགུ། ༢་གཟའ་ཡུམ་རིག་པའི་རྒྱལ་མོ་ལྷ་ཞེ་དྲུག༣གཙུག་ཏོར་རྣམ་རྒྱལ་མ་ལྷ་སོ་གསུམ་བཅོས་བསྡོམས་པའི་ཕྲེང་བ་དང་ཀྲི་ཡའི་ལྷ་ཚོགས་བཞི་བཅུ་ཞེ་ལྔའི་དབང་བསྐུར་གནང་སྲོལ་ཡོད་པ་མ་ཟད་བོད་ཀྱི་གྲུབ་མཐའ་རིས་མེད་ཚང་མར་ཕྱག་བཞེས་སུ་ཡོད་མུས།

language:
Tibetan

2. Thupten Phuntsok Dictionary

རྒྱ་གར་སྐད། རྒྱ་གར་གྱི་སློབ་དཔོན་དར་རྦན་ཨ་ཙརྱ་འགྲོ་བའི་མེ་ལོང་གིས་མཛད་པའི་གཞུང་ཞིག་གི་མིང་ཡིན། བོད་སྐད་དུ་བསྒྱུར་ན་བྱ་བ་བསྡུས་པ་ཞེས་ཟེར། སྡེ་དགེ་བསྟན་འགྱུར་གྱི་རྒྱུད་པོད[བུ]པའི་ནང་ཡོད། དུས་རབས་བཅུ་གཅིག་པའི་ནང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་གྱིས་བོད་སྐད་དུ་བསྒྱུར། འདིའི་ནང་དཀྱིལ་འཁོར་གྱི་ལྷ་ཚོགས་མི་འདྲ་བ་ཞེ་ལྔའི་དབང་བསྐུར་ཚུལ་གསུངས་ཡོད་པ་ལས་ཞེ་གཉིས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་མི་འདྲ་བ་མེད་ཅིང་། རྡོ་རྗེ་ཕྲེང་བར་མི་གསལ་བ་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ། ༡ ནོར་རྒྱུན་མ་ལྷ་བཅུ་དགུ། ༢ གཟའ་ཡུམ་རིག་པའི་རྒྱལ་མོ་ལྷ་ཞེ་དྲུག ༣ གཙུག་ཏོར་རྣམ་རྒྱལ་མ་ལྷ་སོ་གསུམ་བཅས་བསྡོམས་པའི་ཕྲེང་བ་དང་ཀྲི་ཡའི་ལྷ་ཚོགས་བཞི་བཅུ་ཞེ་ལྔའི་དབང་བསྐུར་གནང་སྲོལ་ཡོད་པ་མ་ཟད་བོད་ཀྱི་གྲུབ་མཐའ་རིས་མེད་ཚང་མར་ཕྱག་བཞེས་སུ་ཡོད་མུས།

language:
Tibetan