Skip to main content Skip to search
kla klo kha chul
ID:
T223313
  • ཀླ་ཀློ་ཁ་ཆུལ (Tibetan, Tibetan script, Original)
    • > kla klo kha chul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lalo kha chul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྟོགས་བརྗོད་འདིར་འཁོད་པའི་ཀླ་ཀློ་ཁ་ཆུལ་ནི་ཀསྨིར་ཁ་ཆེའི་ཡུལ་ལ་ཟེར་བ་སྟེ། སྔོན་དུས་སངས་རྒྱས་སྐུ་མྱ་ངན་ལས་འདས་རྗེས་དགྲ་བཅོམ་པ་ཉི་མ་གུང་པས་ཁ་ཆེའི་ཡུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་སྤེལ་མཛད་པ་ནས་དུས་རབས་བཅུ་བདུན་པའི་འགོ་སྟོད་བར་དུ་ནང་པའི་ཆོས་དར་བའི་ཡུལ་ཞིག་ཡིན་ཀྱང་། རབ་བྱུང་བཅུ་གཅིག་པའི་མེ་རྟ(༡༦༦༦)ལོ་ཡས་མས་སུ་དབྱི་སི་ལན་གྱི་ཆོས་ལུགས་ལ་དད་པའི་རྒྱལ་པོ་ཨོ་རན་ཛེབ་ཟེར་བས་རྒྱ་གར་གྱི་ཡུལ་མང་ཆེ་བ་དབང་དུ་བསྡུས་ནས་དབྱི་སི་ལན་གྱི་ཆོས་ལུགས་ཁྱབ་སྤེལ་བཏང་ཞིང་ཀསྨིར་ཡང་མངའ་འོག་ཏུ་བསྡུས་པ་དེ་ནས་བཟུང་། ཁ་ཆེའི་ཡུལ་མི་ཡོངས་རྫོགས་དབྱི་སི་ལན་གྱི་ཆོས་ལུགས་སུ་མ་བསྒྱུར་ཀ་མེད་བྱུང་ཞིང་། བོད་དང་ཚོང་འབྲེལ་ཆེ་བའི་ཁ་ཆེའི་མི་རིགས་མང་ཆེ་བ་ཡུལ་དེ་ནས་ཡོང་བ་དང་། དབྱི་སི་ལན་གྱི་ཆོས་ལུགས་འཛིན་པའི་རྒྱལ་པོ་མང་ཆེ་བས་ནང་པའི་ཆོས་ལུགས་ལ་གཏོར་སྐྱོན་ཚད་ལས་འདས་པ་བཏང་སྟབས་སྐབས་དེར་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་ཁོང་ཚོར་ཀླ་ཀློ་ཞེས་འབོད་དགོས་པའི་ལོ་རྒྱུས་དུས་ཡུན་རིང་པོ་ཞིག་བྱུང་ཡོད།

language:
Tibetan

2. Thupten Phuntsok Dictionary

རྟོགས་བརྗོད་འདིར་འཁོད་པའི་ཀླ་ཀློ་ཁ་ཆུལ་ནི་ཀ་སྨིར་ཁ་ཆེའི་ཡུལ་ལ་ཟེར་བ་སྟེ། སྔོན་དུས་སངས་རྒྱས་སྐུ་མྱ་ངན་ལས་འདས་རྗེས་དགྲ་བཅོམ་པ་ཉི་མ་གུང་པས་ཁ་ཆེའི་ཡུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་སྤེལ་མཛད་པ་ནས་དུས་རབས་བཅུ་བདུན་པའི་འགོ་སྟོད་བར་དུ་ནང་པའི་ཆོས་དར་བའི་ཡུལ་ཞིག་ཡིན་ཀྱང་། རབ་བྱུང་བཅུ་གཅིག་པའི་མེ་རྟ་ (༡༦༦༦) ལོ་ཡས་མས་སུ་དབྱི་སི་ལན་གྱི་ཆོས་ལུགས་ལ་དད་པའི་རྒྱལ་པོ་ཨོ་རན་ཛེ་ཟེར་བས་རྒྱ་གར་གྱི་ཡུལ་མང་ཆེ་བ་དབང་དུ་བསྡུས་ནས་དབྱི་སི་ལན་གྱི་ཆོས་ལུགས་ཁྱབ་སྤེལ་བཏང་ཞིང་ཀསྨིར་ཡང་མངའ་འོག་ཏུ་བསྡུས་པ་དེ་ནས་བཟུང་། ཁ་ཆེའི་ཡུལ་མི་ཡོངས་རྫོགས་དབྱི་སི་ལན་གྱི་ཆོས་ལུགས་སུ་མ་བསྒྱུར་ཀ་མེད་བྱུང་ཞིང་། བོད་དང་ཚོང་འབྲེལ་ཆེ་བའི་ཁ་ཆེའི་མི་རིགས་མང་ཆེ་བ་ཡུལ་དེ་ནས་ཡོང་བ་དང་། དབྱི་སི་ལན་གྱི་ཆོས་ལུགས་འཛིན་པའི་རྒྱལ་པོ་མང་ཆེ་བས་ནང་པའི་ཆོས་ལུགས་ལ་གཏོར་སྐྱོན་ཚད་ལས་འདས་པ་བཏང་སྟབས་སྐབས་དེར་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་ཁོང་ཚོར་ཀླ་ཀློ་ཞེས་འབོད་དགོས་པའི་ལོ་རྒྱུས་དུས་ཡུན་རིང་པོ་ཞིག་བྱུང་ཡོད།

language:
Tibetan