Skip to main content Skip to search
kla klo tA zig
ID:
T223314
  • ཀླ་ཀློ་ཏཱ་ཟིག (Tibetan, Tibetan script, Original)
    • > kla klo tA zig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lalo ta zik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་ལོ་རྒྱུས་ཐོག་འཁོད་པའི་ཏཱ་ཟིག་ནི་བོད་དང་ཐག་ཉེ་བའི་པར་ཟིག་སྟེ་དབྱི་ལང་ལ་གོ་དགོས། དེའི་རྒྱུ་མཚན་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གི་ཁྲེན་ཀོན་ཁྲི་ལོ་བཅུ་དྲུག་སྤྱི་ལོ༦༤༢ཡས་མས་སུ་རྒྱ་གར་ནུབ་ཕྱོགས་ཀྱི་ཏཱ་ཟིག་ཨ་ལཱ་པོའི་དམག་དཔུང་གིས་དབྱི་ལང་ལ་དམག་དྲངས་ཏེ། དབྱི་ལང་དེ་ཨ་ལཱ་པོ་ཏཱ་ཟིག་གི་འོག་ཏུ་ཤོར་ཞིང་། དེ་ནས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་དབྱི་ལང་ལ་དབང་བསྒྱུར་མ་བྱས་བར་དུ་དབྱི་ལང་དེ་ཨ་ལཱ་པོ་ཏཱ་ཟིག་གི་མངའ་འོག་ཏུ་བསྡད་པའི་དབང་གིས་བོད་ཀྱི་ལོ་རྒྱུས་ཐོག་དབྱི་ལང་ལ་ཏཱ་ཟིག་དང་པར་སིག་ཅེས་འབོད་སྲོལ་ཡོད།

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་ལོ་རྒྱུས་ཐོག་འཁོད་པའི་ཏཱ་ཟིག་བོད་དང་ཐག་ཉེ་བའི་པར་ཟིག་སྟེ་དབྱི་ལང་ལ་གོ་དགོས།དེའི་རྒྱུ་མཚན་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གི་ཁྲེན་ཀོན་ཁྲི་ལོ་བཅུ་དྲུག་སྤྱི་ལོ་༦༤༢ཡས་མས་སུ་རྒྱ་གར་ནུབ་ཕྱོགས་ཀྱི་ཏཱ་ཟིག་ཨ་ལཱ་པོའི་དམག་དཔུང་གིས་དབྱི་ལང་ལ་དམག་དྲངས་ཏེ།དབྱི་ལང་དེ་ཨ་ལཱ་པོ་ཏཱ་ཟིག་གི་འོག་ཏུ་ཤོར་ཞིང་།དེ་ནས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་དབྱི་ལང་ལ་དབང་སྒྱུར་མ་བྱས་བར་དུ་དབྱི་ལང་དེ་ཨ་ལཱ་པོ་ཏཱ་ཟིག་གི་མངའ་འོག་ཏུ་བསྡད་པའི་དབང་གིས་བོད་ཀྱི་ལོ་རྒྱུས་ཐོག་དབྱི་ལང་ལ་ཏཱ་ཟིག་དང་པར་སིག་ཅེས་འབོད་སྲོལ་ཡོད།

language:
Tibetan