Skip to main content Skip to search
kla klo'i gnas tshad stong dang brgyad brgya
ID:
T223315
  • ཀླ་ཀློའི་གནས་ཚད་སྟོང་དང་བརྒྱད་བརྒྱ (Tibetan, Tibetan script, Original)
    • > kla klo'i gnas tshad stong dang brgyad brgya (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lalö netsé tong dang gyegya (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དུས་འཁོར་གྱི་སྐར་རྩིས་ལས་གསུངས་པའི་སངས་རྒྱས་ཆོས་ལུགས་དང་ཀླ་ཀློའི་ཆོས་ལུགས་གཉིས་ཀྱི་གནས་ཚད་བསྡུར་ཚུལ་གྱི་གྲངས་ཤིག་ཡིན། དེ་ཡང་། ༡ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་ཉི་མ་དང་། ༢སྣ་ཚོགས་གཟུགས། ༣་ཟླ་བའི་འོད། ༤མཐའ་ཡས། ༥ས་སྐྱོང་། ༦དཔལ་སྐྱོང་། ༧སེང་གེ༨་རྣམ་གནོན། ༩སྟོབས་པོ་ཆེ། ༡༠མ་འགག་པ། ༡༡མིའི་སེང་གེ༡༢དབང་ཕྱུག་ཆེན་པོ། ༡༣་མཐའ་ཡས་རྣམ་རྒྱལ། ༡༤དྲག་པོ་འཁོར་ལོ་ཅན་གྱི་བར་རིགས་ལྡན་རེར་ཆ་སྙོམས་ཀྱིས་ལོ་བརྒྱ་རེ་ཆོས་གསུངས་པའི་ལོ་གྲངས་ཆིག་སྟོང་བཞི་བརྒྱ་ཡོད་པ་དེའི་ཐོག་ཕུག་ལུགས་ལྟར་སངས་རྒྱས་མྱ་ངན་འདས་ནས་ལོ༡༥༠༤སོང་བ་ཤིང་སྤྲེལ(༦༢༤)ལོར་མཱ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ཐོག་མར་སྤེལ་བ་ནས་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་དམག་དཔུང་ཚར་བཅད་པའི་བར་ལོ་གྲངས་བཞི་བརྒྱ་བཅུ་མེད་གསུམ་ཡོད་པ་དེ་ལ་ཟེར། འདི་ལ་ལོ་གསུམ་ལྷག་མ་ཡོད་པ་ནི་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་དཔུང་ཚོགས་བཅོམ་པའི་འགོ་ཚུགས་པ་ནས་ཡོངས་སུ་ཚར་བཅད་པའི་བར་གྱི་དུས་ཚོད་ལ་ལོ་གསུམ་ཡོད་པས་སྐྱོན་མེད་ཅེས་ལོ་ཆེན་དྷརྨ་ཤིས་མཛད་པའི《རྩིས་གཞུང་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ》སྨིན་གྲོལ་གླིང་དཔར་མའི་ཤོག་གྲངས༥༥གསལ།

language:
Tibetan

2. Thupten Phuntsok Dictionary

དུས་འཁོར་གྱི་སྐར་རྩིས་ལས་གསུངས་པའི་སངས་རྒྱས་ཆོས་ལུགས་དང་ཀླ་ཀློའི་ཆོས་ལུགས་གཉིས་ཀྱི་གནས་ཚད་བསྡུར་ཚུལ་གྱི་གྲངས་ཤིག་ཡིན།

language:
Tibetan