Skip to main content Skip to search
klad pa'i rje zhabs
ID:
T223325
  • ཀླད་པའི་རྗེ་ཞབས (Tibetan, Tibetan script, Original)
    • > klad pa'i rje zhabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lepé jé shyab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནས་ལ་བལྟོས་ནས་བཏགས་པའི་ཀླད་སྙིང་དང་རྒྱུངས་པའི་བར་ན་གནས་པའི་སྲོག་རྩ་དཀར་པོའི་ཆ་ཤས་ཀྱི་མིང་སྟེ། དཔལ་སྤུངས་དཔོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཀླད་པའི་རྗེ་ཞབས་ནི། ཀླད་སྙིང་དང་རྒྱུངས་པའི་བར་དུ་གནས་པའི་སྲོག་རྩ་དཀར་པོའི་ཆ་ཤས་ཀྱི་མིང་ངོ་། །དེ་ལ་ཅིའི་ཕྱིར་དུ་མིང་དེ་ལྟར་ཤིན་ཏུ་གཉན་པ་ནི་ཀླད་སྙིང་ཡིན་པས་དེའི་འོག་ཏུ་གནས་པས་ན་མིང་ཡང་དེ་ལྟར་དུ་བཏགས་ཤིང་། དོན་སྣོད་ནང་དུ་འབྲེལ་བའི་དར་གྱི་དཔྱང་ཐག་བཅུ་གསུམ་ཡང་གནས་འདི་ནས་གྱེས་པ་ཡིན་ཏེ། མན་ངག་རྒྱུད་དུ། ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ། རྗེ་ཞབས་ལས་བྱུང་སྐེ་ཡི་ནང་ན་མར། རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ། མཁྲིས་པའི་རྩ་བཞི་གློ་ལོང་མཆིན་མཁྲིས་འབྲེལ། བད་ཀན་རྩ་བཞི་ཕོ་མཆེར་མཁལ་ལྒང་འབྲེལ། འདུས་པའི་རྩ་གཅིག་བསམ་སེར་འབྲེལ་བ་ཡིན། ཞེས་གསུངས་པའི་རྗེ་ཞབས་ནི་འདིའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan