- klu 'khyil
- ID:
- T223337
- ཀླུ་འཁྱིལ (Tibetan, Tibetan script, Original)
- > klu 'khyil (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu khyil (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ལི་ཀིར)དེ་སྔོན་མངའ་རིས་ལ་དྭགས་སུ་རྒྱལ་པོ་བློ་གྲོས་མཆོག་ལྡན(རབ་བྱུང་བདུན་པའི་ལྕགས་སྤྲེལ༡༤༤༠ལོ་ནས་རབ་བྱུང་བརྒྱད་པའི་ལྕགས་སྟག༡༤༧༠ལོ་བར)གྱིས་སྲིད་དབང་བཟུང་སྐབས་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་གི་སློབ་མ་པཎ་ཆེན་ལྷ་དབང་བློ་གྲོས་ལ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་ལུང་བསྟན་གནང་བ་ལྟར་ལ་དྭགས་སུ་ཕེབས། ཀླུ་འཁྱིལ་གྱི་ཕུའི་རྣམ་སྲས་ཕོ་བྲང་དུ་གྲགས་པའི་བྲག་རིའི་སྟེང་ནས་གཟིགས་པས། ལུང་པའི་དཀྱིལ་རི་གླང་པོ་ཆེ་ཆུ་འཐུང་བ་འདྲ་བའི་ས་གནས་དེར་ཀླུ་འཁྱིལ་དགོན་པའི་གཞི་བཟུང་། ཆོ་ག་ཕྱག་བཞེས་རྣམས་རྒྱུད་སྨད་གྲྭ་ཚང་དང་གཅིག་མཚུངས་ཀྱི་སྔགས་གྲྭ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་གྲྭ་གྲངས་སུམ་ཅུ་སོ་དྲུག་སྐོར་དང་། གྲྭ་རྒྱུན་རྣམས་སེ་འབྲས་དགའ་གསུམ་གྱི་མངའ་རིས་ཁང་ཚན་དུ་འགྲོ་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
<ལིཀིར>དེ་སྔོན་མངའ་རིས་ལ་དྭགས་སུ་རྒྱལ་པོ་བློ་གྲོས་མཆོག་ལྡན་ (རབ་བྱུང་བདུན་པའི་ལྕགས་སྤྲེལ་༡༤༤༠ལོ་ནས་རབ་བྱུང་བརྒྱད་པའི་ལྕགས་སྟག༡༤༧༠ལོ་བར) གྱིས་སྲིད་དབང་བཟུང་གི་སློབ་མ་པཎ་ཆེན་ལྷ་དབང་བློ་གྲོས་ལ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་ལུང་བསྟན་གནང་བ་ལྟར་ལ་དྭགས་སུ་ཕེབས། ཀླུ་འཁྱིལ་གྱི་ཕུའི་རྣམ་སྲས་ཕོ་བྲང་དུ་གྲགས་པའི་བྲག་རིའི་སྟེང་ནས་གཟིགས་པས། ལུང་པའི་དཀྱིལ་རི་གླང་པོ་ཆེ་ཆུ་འཐུང་བ་འདྲ་བའི་ས་གནས་དེར་ཀླུ་འཁྱིལ་དགོན་པའི་གཞི་བཟུང་། ཆོ་ག་ཕྱག་བཞེས་རྣམས་རྒྱུད་སྨད་གྲྭ་ཚང་དང་གཅིག་མཚུངས་ཀྱི་སྔགས་གྲྭ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་གྲྭ་གྲངས་སུམ་ཅུ་སོ་དྲུག་སྐོར་དང་། གྲྭ་རྒྱུན་རྣམས་སེ་འབྲས་དགའ་གསུམ་གྱི་མངའ་རིས་ཁང་ཚན་དུ་འགྲོ་སྲོལ་ཡོད།
- language:
- Tibetan