Skip to main content Skip to search
klu sgrub lugs kyi bcu gcig zhal lha sum cu rtsa bdun
ID:
T223345
  • ཀླུ་སྒྲུབ་ལུགས་ཀྱི་བཅུ་གཅིག་ཞལ་ལྷ་སུམ་ཅུ་རྩ་བདུན (Tibetan, Tibetan script, Original)
    • > klu sgrub lugs kyi bcu gcig zhal lha sum cu rtsa bdun (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ludrub luk kyi chuchik shyal lha sumchu tsa dün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ། རྩ་ཞལ་དཀར་པོ་སྤྱན་གསུམ་ཡོད་པ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དམར་པོ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་ལྗང་ཁུ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་དམར་པོ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དཀར་པོ། དེའི་སྟེང་དུ་ཞལ་གཅིག་ཁྲོ་ཞལ་དམར་པོ། དེའི་སྟེང་གི་ཞལ་འོད་དཔག་མེད་དམར་པོ། རྩ་བའི་ཕྱག་ཐལ་མོ་སྦྱར་བ། ཕྱག་ལྷག་མ་གཡས་གཡོན་སོ་སོར་བཞི་བཅུ་ཡན་ལག་གི་ཕྱག་དང་བསྡོམས་ན་ཕྱག་སྟོང་ཕྲག་གཅིག་འཁོར་གྱི་ལྷ་སུམ་ཅུ་སོ་དྲུག་ཡོད་པ་ཞིག་སྟེ། འདིའི་ཟུར་བཀའི་དབང་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱིས་མཛད་པ་ཞིག《དཀྱིལ་ཆོག་ནོར་བུའི་ཕྲེང་བ》པོད[ཀ]པའི་ནང་དུ་ཡོད་ཅིང་། ཡང་སྡེ་དགེ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་ཞིག་ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བ《སྒྲུབ་དཀྱིལ་ཀུན་བཏུས》ཀྱི་པོད[ཁ]པའི་ནང་དུ་ཡོད།

language:
Tibetan

2. Thupten Phuntsok Dictionary

སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ། རྩ་ཞལ་དཀར་པོ་སྤྱན་གསུམ་ཡོད་པ། གཡལ་ཞལ་ལྗང་ཁུ། གཡོན་ཞལ་དམར་པོ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་ལྗང་ཁུ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་དམར་པོ། གཡས་ཞལ་ལྗང་ཁུ། གཡོན་ཞལ་དཀར་པོ། དེའི་སྟེང་དུ་ཞལ་གཅིག་ཁྲོ་ཞལ་དམར་པོ། དེའི་སྟེང་གི་ཞལ་འོད་དཔག་མེད་དམར་པོ། རྩ་བའི་ཕྱག་ཐལ་མོ་སྦྱར་བ། ཕྱག་ལྷག་མ་གཡོན་སོ་སོར་བཞི་བཅུ་ཡན་ལག་གི་ཕྱག་དང་བསྡོམས་ན་ཕྱག་སྟོང་ཕྲག་གཅིག འཁོར་གྱི་ལྷ་སུམ་ཅུ་སོ་དྲུག་ཡོད་པ་ཞིག་སྟེ། འདིའི་ཟུར་བཀའི་དབང་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱི་མཛད་པ་ཞིག དཀྱིལ་ཆོག་ནོར་བུའི་ཕྲེང་བ་པོད[ཀ]པའི་ནང་དུ་ཡོད་ཅིང་། ཡང་སྡེ་དགེ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་ཞིག་ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བ་སྒྲུབ་དཀྱིལ་ཀུན་བཏུས་ཀྱི་པོད[ཁ]པའི་ནང་དུ་ཡོད།

language:
Tibetan