- klu gdon mdze nad
- ID:
- T223350
- ཀླུ་གདོན་མཛེ་ནད (Tibetan, Tibetan script, Original)
- > klu gdon mdze nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu dön dzé né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོན་གྱི་ནད་འབུམ་ནག་པོ་ལས། ནམ་ཞིག་ལྔ་བརྒྱའི་དུས་ལ་བབ་ཙ་ན། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །མི་རྣམས་བསོད་ནམས་མར་འགྲིབ་དབུལ་པོར་འགྱུར། །ས་གཉན་རྨོས་ལ་སྤང་གཉན་རོལ་དུ་བཤས། །ཆུ་གཉན་ཡུལ་དྲང་ཤིང་གཉན་སྟ་རེས་གཏུབ། །རྡོ་གཉན་གཟུས་བཟློག་རི་གཉན་རྩི་ཤིང་བྲག །མི་གཙང་ཤན་དམར་ཐབ་གཞོབ་འཇོལ་ཉོག་སྤྱོད། །བན་བོན་ནུས་པས་འཇིག་རྟེན་ལྷ་ལ་རེ། །གཉན་ས་ཨར་གཏད་དཀྲུགས་པས་དཀྲི་ཐུལ་རེ། །དེ་བས་ཀླུ་གཉེན་ས་བདག་ཐམས་ཅད་འཁྲུགས། །རེག་མཐོང་ཁ་རླངས་བསམ་པའི་དུག་འཕྲོས་པས། །ཙི་ཙི་ཛ་ལ་འབར་བའི་སྐལ་པ་དར། །ཞེས་དང་། མན་ངག་རྒྱུད་ལས། ལན་ཅིག་ལྔ་བརྒྱ་ཐ་མའི་དུས་ཚོད་དུ། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །མི་རྣམས་ཟ་ཐང་བྲི་ནས་དབུལ་པོར་འགྱུར། །ས་གཉན་རློག་པས་སྤང་ཐ་ཞིང་དུ་འདྲུ། །ཆུ་གཉན་དཀྲུགས་ནས་ནེའུ་གསིང་རྫིང་དུ་བསྐྱིལ། །ཤིང་གཉན་གཅོད་ཅིང་རྡོ་གཉན་རྩ་བ་འདེབས། །མི་གཙང་ཐབ་གཞོབ་ཤན་དམར་འཇོལ་ཉོག་སྤྱོད། །བན་བོན་ནུས་པ་སྒྲུབ་པའི་ལོང་མེད་པས། །གཉན་ས་དཀྲུགས་པས་དགྲ་རྣམས་ཐུལ་ལ་རེ། །དེ་ཚེ་ཀླུ་གཉན་ས་བདག་ལྷ་སྲིན་འཁྲུགས། །རེག་མཐོང་ཁ་རླངས་བསམ་པའི་དུག་འཕྲོས་པས། །ཙི་ཏི་ཛྭ་ལ་འབར་བའི་བསྐལ་པ་དར། །མཐོང་བས་སྐྱུག་བྲོ་བསམས་པས་སྐྱི་འཇིགས་ཤིང་། །ཐོས་ན་ཡ་ང་རང་རོ་རང་གིས་མཐོང་། །ཚེ་འདིའི་གཉེན་འདུན་ཀུན་དང་གསོན་འབྲལ་བྱེད། །དེ་འདྲའི་ནད་ཀྱི་གསོ་ཐབས་ངས་བསྟན་གྱིས། །ཞེས་གསུངས།
- language:
- Tibetan