- klu lding mkhan chen 'jam dbyangs bstan pa'i nyi ma
- ID:
- T223353
- ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ (Tibetan, Tibetan script, Original)
- > klu lding mkhan chen 'jam dbyangs bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu ding khenchen jamyang tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་ལྔ་པ་ཡིན། བོད་དུ་ཡོད་པའི་གདན་ས་ཆེན་པོ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་འདབས་ཞོལ་ཤར་ཆེན་ཀླུ་ལྡིང་པའི་གཞི་ལག་ལྟ་བུ། སྤངས་གཅལ་ཞེས་པར་རླངས་ཀྱི་རིགས་སུ་ཡབ་བདག་ཆེན་ཤར་པ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་བོ་དོང་དཔལ་ཡོན་གྱི་སྲས་མོ་སྤེན་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ལུག་སྤྱི་ལོ་༡༩༣༡ལོའི་བོད་ཟླ༩པའི་ཚེས༡༤ཉིན་སྐུ་འཁྲུངས། གདུང་བརྒྱུད་རིམ་བྱོན་གྱིས་བླ་བྲང་སྐྱོང་བའི་སྲོལ་བཞིན་བསྟན་པའི་སྒོར་ཞུགས་ཏེ། དགུང་ལོ་བདུན་པར་ཡི་གེ་འབྲི་ཀློག་སོགས་བསླབས། བཅུ་པར་ཕེབས་དུས་སུ་ཁུ་བོ་ཤར་ཆེན་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་དང་བྱང་སྡོམ་བཞེས། ཁོང་གི་མདུན་ནས་དབང་ལུང་ཁྲིད་གསུམ་དང་རིག་གནས་དང་བཅས་པ་བཀའ་དྲིན་མནོས། ཤིང་རྟ་སྤྱི་ལོ་༡༩༤༥ལོར་དགུང་གྲངས་ཉེར་བཞིར་ཕེབས་སྐབས་གཞུང་ས་ཆེན་པོར་མཁན་པོའི་འོས་ཐོ་མིང་གཞུང་ཕུལ་བཞེས་ཕྱིར་བསྩལ་གྱི་བཀའ་དྲིན་ཆེ་ཕེབས་དང་སྦྲགས། དཔལ་ལྡན་ས་སྐྱའི་གདན་ས་ཆེན་པོ་ནས་ཁྲི་ཆེན་རིན་པོ་ཆེ་མཆོག་གི་ཕྱག་དམ་བཀའ་རྒྱ་འབྱར་མ་ཕེབས་པ་བཞིན། དཔལ་ཨེ་ཝཾ་ཆོས་ལྡན་དུ་ངོར་ཆེན་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་བཞུགས།
- language:
- Tibetan