- klu 'bum dgon
- ID:
- T223358
- ཀླུ་འབུམ་དགོན (Tibetan, Tibetan script, Original)
- > klu 'bum dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu bum gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགོན་པ་འདིའི་ཐོག་མའི་མིང་ལ་སུ་ཚང་དགོན་ཟེར། ཁོད་སྤུངས་སུ་ལ་སྐུ་ཕྲེང་དང་པོ་ནམ་མཁའ་རྒྱལ་མཚན་གྱིས་བཏབས་པར་གྲགས། དེ་རྗེས་ཁོད་སྤུངས་སུ་ལ་བླ་རབས་ཉེར་གཅིག་པ་དང་ཉེར་གཉིས་པ་གང་རུང་ཞིག་དུས་སུ་དགོན་ས་སྤོས་ཏེ་འདུ་ཁང་སོགས་གསར་དུ་བཞེངས་པར་གསལ། དགོན་འདི་ཐོག་མར་བཏབས་དུས་ས་འོག་ནས་ཀླུ་འབུམ་ཞིག་དོན་པས་ཀླུ་འབུམ་དགོན་ཞེས་ཐོག་པར་ཟེར། དེ་རྗེས་ཁོད་སྤྲུངས་སུ་ལ་བླ་རབས་ཉེར་གསུམ་པ་ཀུན་བཟང་འོད་གསལ་གྱིས་ལྷ་ཁང་རྒྱ་བསྐྱེད་པ་དང་། རབ་བྱུང་བཅོ་ལྔ་པའི་ཆུ་ཕག་སྤྱི་ལོ་༡༩༢༣ལོར་བླ་རབས་ཉེར་བཞི་པ་གཡུང་དྲུང་བསྟན་འཛིན་གྱིས་དགོན་རྙིང་དེ་སྤོས་ཞིང་གཙུག་ལག་ཁང་དེ་བས་རྒྱ་བསྐྱེད། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད།
- language:
- Tibetan