- klu tshang dgon
- ID:
- T223362
- ཀླུ་ཚང་དགོན (Tibetan, Tibetan script, Original)
- > klu tshang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu tsang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ཡང་ཟེར། རབ་བྱུང་བཅོ་ལྔ་པའི་ས་བྱི་སྤྱི་ལོ་༡༨༨༩ལོར་རྙེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་ཉི་མས་བཏབས། རྙེ་སྤྲུལ་སྐུ་ཕྲེང་གསུམ་པའི་ཡང་སྲིད་གཉིས་བྱུང་བའི་དང་པོ་རྙེ་སྤྲུལ་བསྟན་པ་རབ་རྒྱས་ཁྲི་ཀ་རྫོང་གི་རྙེ་དགོན་ལྷུན་གྲུབ་ཆོས་རྫོང་དུ་བཞུགས། ཡང་སྲིད་གཉིས་པ་བློ་བཟང་ཆོས་ཀྱི་ཉི་མས་དགོན་པ་འདི་བཏབས་ནས་གདན་ས་བཟུང་། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་ (ཀོས་ནན་རྫོང) ཁོངས་སུ་ཡོད།
- language:
- Tibetan