- klu las skyes pa'i rnal 'byor ma
- ID:
- T223367
- ཀླུ་ལས་སྐྱེས་པའི་རྣལ་འབྱོར་མ (Tibetan, Tibetan script, Original)
- > klu las skyes pa'i rnal 'byor ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu lé kyepé naljorma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བརྒྱུད་རིམ་ལོ་རྒྱུས་ཐོག་བཤད་སྲོལ་ལ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་སོགས་ཡུལ་མི་ཡོངས་རྫོགས་གྲུབ་པ་ཐོབ་སྟེ་ཨོ་རྒྱན་ཡུལ་དེ་མཚོ་ཆེན་པོ་ཀླུས་གང་བ་ཞིག་ཏུ་གྱུར་པ་ལ། གསང་བདག་ཕྱག་ན་རྡོ་རྗེས་ཀླུ་རྣམས་སྨིན་པར་མཛད་པ་ལས་རིམ་གྱིས་མིར་གྱུར་ཏེ་མཚོ་འགྲམ་དུ་གྲོང་ཁྱེར་ཆགས་ཤིང་། གསང་སྔགས་ཀྱི་ཆོས་ཉམས་སུ་བླངས་པ་ལ་བསྟེན་ནས་གྲུབ་པ་ཐོབ་པའི་ནང་ཚན་ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་བའི་བུ་མོ་རོལ་པ་མོ་ཞེས་བརྗོད་པ་ཡིན། དེ་ཡང་མཚན་གཞན་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་དང་། ཀླུ་ཡི་མཁའ་འགྲོ་མ་ཞེས་བརྗོད་པ་ཡང་ཀླུ་ནས་རིམ་གྱིས་མིར་གྱུར་ཏེ་རྟེན་དེ་ལ་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་ཡིན་པ་ལས། ཀླུའི་རྟེན་དེ་རང་ལ་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་པ་དང་གྲུབ་པ་ཐོབ་པ་དེ་འདྲ་མིན།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བརྒྱུད་རིམ་ལོ་རྒྱུས་ཐོག་བཤད་སྲོལ་ལ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་སོགས་ཡུལ་མི་ཡོངས་རྫོགས་གྲུབ་པ་ཐོབ་སྟེ་ཨོ་རྒྱན་ཡུལ་དེ་མཚོ་ཆེན་པོ་ཡིས་གང་བ་ཞིག་ཏུ་གྱུར་པ་ལ། གསང་བདག་ཕྱག་ན་རྡོ་རྗེས་ཀླུ་རྣམས་སྨིན་པར་མཛད་པ་ལས་རིམ་གྱིས་མིར་གྱུར་ཏེ་མཚོ་འགྲམ་དུ་གྲོང་ཁྱེར་ཆགས་ཤིང་། གསང་སྔགས་ཀྱི་ཆོས་ཉམས་སུ་བླངས་པ་ལ་བསྟེན་ནས་གྲུབ་པ་ཐོབ་པའི་ནང་ཚན་ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་བའི་བུ་མོ་རོལ་པ་མོ་ཞེས་བརྗོད་པ་ཡིན། དེ་ཡང་མཚན་གཞན་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་དང་། ཀླུ་ཡི་མཁའ་འགྲོ་མ་ཞེས་བརྗོད་པ་ཡང་ཀླུ་ནས་རིམ་གྱིས་མིར་གྱུར་ཏེ་རྟེན་དེ་ལ་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་ཡིན་པ་ལས། ཀླུའི་རྟེན་དེ་རང་ལ་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་པ་དང་གྲུབ་པ་ཐོབ་པ་དེ་འདྲ་མིན།
- language:
- Tibetan