- klo pa stod byams khang
- ID:
- T223379
- ཀློ་པ་སྟོད་བྱམས་ཁང (Tibetan, Tibetan script, Original)
- > klo pa stod byams khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > lopa tö jam khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ལྗོངས་འཕན་པོ་ལྷུན་འགྲུབ་རྫོང་མཚོ་སྟོད་ཤང་ཁོངས་ཀློ་པ་སྟོད་གྲོང་ཚོའི་དཀྱིལ་དུ་ལྷ་ཁང་སེར་པོ་ཞིག་ཡོད་པ་དེ་ནི་ཀློ་པ་སྟོད་བྱམས་ཁང་ཞེས་པ་དེ་ཡིན། དུས་རབས་བཅུ་གཅིག་པའི་འགོར་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་འཕན་ཡུལ་བྱམས་པ་སྤུན་གསུམ་གྲས་ཀྱི་བྱམས་པ་སྤྲུལ་སྐུའི་ཆ་ཆས་ཅན་ཐོག་བརྩེགས་གསུམ་ལྡན་དང་འཁོར་ཉེ་སྲས་ཉིས་ཐོག་ཙམ་བྱས་པའི་འཇིམ་བརྙན་བཞུགས་པའི་ལྷ་ཁང་ལ་ནང་སྐོར་རྒྱག་སའི་སྐོར་ལམ་ལྕམ་གང་མའི་ས་སོགས་ཡོད། ལྷ་ཁང་དེའི་རྡོ་རྩིག་ནི་རྡོ་རིལ་མི་མགོ་ཙམ་ཤ་སྟག་ཡིན་སྟབས་གནའ་བོའི་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན།
- language:
- Tibetan
2. Thupten Phuntsok Dictionary
བོད་ལྗོངས་འཕན་པོ་ལྷུན་འགྲུབ་རྫོང་མཚོ་སྟོད་ཤང་ཁོངས་ཀློ་པ་སྟོད་གྲོང་ཚོའི་དཀྱིལ་དུ་ལྷ་ཁང་སེར་པོ་ཞིག་ཡོད་པ་དེ་ནི་ཀློ་པ་སྟོད་བྱམས་ཁང་ཞེས་པ་དེ་ཡིན། དུས་རབས་བཅུ་གཅིག་པའི་འགོར་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་འཕན་ཡུལ་བྱམས་པ་སྤུན་གསུམ་གྲས་ཀྱི་བྱམས་པ་སྐུའི་ཆ་ཆས་ཅན་ཐོག་བརྩེགས་གསུམ་ལྡན་དང་འཁོར་ཉེ་སྲས་ཉིས་ཐོག་ཙམ་བྱས་པའི་འཇིམ་བརྙན་བཞུགས་པའི་ལྷ་ཁང་ལ་ནང་སྐོར་རྒྱག་སའི་སྐོར་ལམ་ལྕམ་གང་མའི་ས་སོགས་ཡོད། ལྷ་ཁང་དེའི་རྡོ་རྩིག་ནི་རྡོ་རིལ་མི་མགོ་ཙམ་ཤ་སྟག་ཡིན་སྟབས་གནའ་བོའི་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན།
- language:
- Tibetan