Skip to main content Skip to search
klong skor bco brgyad
ID:
T223396
  • ཀློང་སྐོར་བཅོ་བརྒྱད (Tibetan, Tibetan script, Original)
    • > klong skor bco brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > long kor chobgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གསང་སྔགས་སྔ་འགྱུར་རྙིང་མའི་རྫོགས་པ་ཆེན་པོ་ལ་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེབཅས་གསུམ་ཡོད་པའི་ནང་གསེས་ཀློང་སྡེ་ལ་སྐོར་ཚོ་བཅོ་བརྒྱད་ཡོད་ཅེས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བའི་ནང་གསལ་ཡང་མཚན་བྱང་མི་གསལ་ཞིང་། བོད་སྐད་དུབསྒྱུར་བའི་ཀློང་སྐོར་བརྒྱད་ཀྱི་མཚན་བྱང་ནི། ཀློང་ནག་པོ་ཐུགས་རྗེའི་ཀློང་མ་བུ་གཉིས། ཀློང་དཀར་པོ་རྒྱ་མཚོའི་ཀློང་མ་བུ་གཉིས། ཀློང་རབ་བྱམས་མ་བུ་བཞི་བཅས་ཀློང་མ་བརྒྱད་བོད་སྐད་དུ་བསྒྱུར་ཞེས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བར་གསལ། གཞན་ཡང་ཀློང་སྡེ་ལ་ཀློང་དཀར་པོ་སེམས་སུ་སྨྲ་བ་དང་། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ། ཀློང་ཁྲ་བོ་སྣ་ཆོགས་སུ་སྨྲ་བ། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བ་བཅས་བཞི་ཡོད་ཅིང་། ཀློང་དཀར་པོ་སེམས་སུ་སྨྲ་བ་ལ་ཡང་རང་ཤར་ཆེན་པོའི་ཀློང་དཀར་དང་། ལྟ་སྒོམ། གཉིས་མེད་ཀྱི་ཀློང་དཀར་གཉིས། ཀློང་ནག་པོ་རྒྱུ་མེད་དུ། སྨྲ་བ་ལ་མཛད་པ་ཀློང་ནག་ཐུགས་རྗེ་ཀློང་ནག་། སྤྲུལ་པ། ཀློང་ནག་བཅས་གསུམ། ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ་ལ། ཡོད་སྨྲ་སེམས་སྡེ་དང་མཐུན་པ་དང་། མེད་སྨྲ་རང་གནས། དང་མཐུན་པ། ཡོད་མེད་མན་ངག་དང་མཐུན་པ་བཅས་གསུམ། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བ་ལ་བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་བྱུང་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ༌འབྱམས། གནད་གྲོལ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས། བཅས་བཞི་སྟེ་ཀློང་སྡེ་བཅུ་གཉིས་ཀྱི་བཞེད་ཚུལ་ཡང་ཡོད་པ་བཅས་ཞིབ་པར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི《ཐེག་མཆོག་མཛོད་དང》དང《ཡིད་བཞིན་མཛོད》སོགས་འབྲེལ་ཡོད་གསུང་རྩོམ་ཁག་ལ་གཟིགས།

language:
Tibetan

2. Thupten Phuntsok Dictionary

གསང་སྔགས་སྔ་འགྱུར་རྙིང་མའི་རྫོགས་པ་ཆེན་པོ་ལ་སེམས་སྡེ།ཀློང་སྡེ།མན་ངག་གི་སྡེ་བཅས་གསུམ་ཡོད་པའི་ནང་གསེས་ཀློང་སྡེ་ལ་སྐོར་ཚོ་བཅོ་བརྒྱད་ཡོད་ཅེས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བའི་ནང་གསལ་ཡང་མཚན་བྱང་མི་གསལ་ཞིང་།

language:
Tibetan