- k+Sha ra rnam gsum
- ID:
- T223400
- ཀྵ་ར་རྣམ་གསུམ (Tibetan, Tibetan script, Original)
- > k+Sha ra rnam gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > ksha(?) ra nam sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཀྵ་ར་ཞེས་ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན། དྲི་ཆུ་ཞེས་འགྱུར་བས། འདིར་མི་དང་། རྟ། བ་ལང་གསུམ་གྱི་གཅིན་གྱི་བསྡུས་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། དངུལ་ཆུ་རིན་ཆེན་བཙོ་བཀྲུའི་སྐབས། ན་ར་ཀྵ་ར་བྱིས་པའི་ཆུ། ཨ་ཤྭ་ཀྵ་ར་རྟ་གསེབ་ཆུ། གཽ་བཀྵར་བ་ལང་ཆུ། དེ་ལ་ཀྵར་རྣམས་གསུམ་ཟེར། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan