Skip to main content Skip to search
dka' ba drug spyad
ID:
T223406
  • དཀའ་བ་དྲུག་སྤྱད (Tibetan, Tibetan script, Original)
    • > dka' ba drug spyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kawa druk ché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ། སངས་རྒྱས་ཤཱཀྱ་མུ་ནེས་རང་གི་ཁྱིམ་སྤངས་ནས་རབ་ཏུ་བྱུང་བའི་རྗེས་སུ་སྐབས་དེར་རྒྱ་གར་དུ་དར་རྒྱས་ཆེ་བའི་མུ་སྟེགས་པའི་ཆོས་ལུགས་ལ་ཟས་སྤངས་པ་དང་། མེ་ལྔ་བསྟེན་པ། ཁང་བརྩེགས་མཐོན་པོའི་སྟེང་ནས་མདུང་རྩེ་གསུམ་གྱི་སྟེང་དུ་མཆོངས་པ་སོགས་ལུས་ཀྱི་དཀའ་ཐུབ་མང་དུ་སྤྱད་ན་འཁོར་བ་ལས་ཐར་བར་ཁས་ལེན་གྱི་ཡོད་པ་ལྟར། སྟོན་པ་སངས་རྒྱས་རང་ཉིད་ཀྱིས་ཀྱང་ཐོག་མར་ལོ་དྲུག་རིང་ཟས་སྤངས་པའི་དཀའ་ཐུབ་སྤྱད་ནས་སྐུ་ལུས་ཀྱི་ཤ་རྣམས་ཟད་དེ། རུས་གོང་སྐམ་པོ་པགས་པས་གཡོགས་པ་ལྟར་གྱུར་ཀྱང། ཉོན་མོངས་དུག་གསུམ་སྤངས་ནས་རང་ཉིད་ཀྱི་རྗེས་འཇུག་རྣམས་ལ་ལུས་ཀྱི་དཀའ་ཐུབ་སྤྱད་པ་ཙམ་གྱིས་ཐར་པ་ཐོབ་མི་ཐུབ་པར། རང་ཉིད་ཀྱི་སེམས་ནང་དུ་གནས་པའི་ཉོན་མོངས་དུག་གསུམ་སྤོང་བའི་ཐབས་ཤེས་ཡང་དག་པར་འཚོལ་དགོས་ཞེས་བརྡ་སྟོན་མཛད་པ་ཡིན།

language:
Tibetan