Skip to main content Skip to search
dkar chung rdo ring
ID:
T223428
  • དཀར་ཆུང་རྡོ་རིང (Tibetan, Tibetan script, Original)
    • > dkar chung rdo ring (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kar chung do ring (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཤང་ཁོངས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་དཀར་ཆུང་ལྷ་ཁང་གསར་བཞེངས་དུས་བཙུགས་པའི་རྡོ་རིང་ཡིན་པ་དང་། དེའི་ལྡེབས་སུ་བཙན་པོ་གོང་མ་རྣམས་ཀྱི་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་པ་དང་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ། གཙུག་ལག་ཁང་བཞེངས་པ་སོགས་གདུང་རབས་བརྒྱུད་ཀྱིས་འདི་ལྟར་མཛད་པ་འདི་དུས་ནམ་ཡིན་ཡང་མ་ཞིག་པར་ད་ཕྱིན་ཆད་གདུང་རབས་རེ་རེ་བཞིན་བཙན་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་དམ་བཅའོ་ཞེས་སོགས་འཁོད་པ་བཀའ་གཙིགས་ཀྱི་ཡི་གེ་ཡིན་འདུག་དཀར་ཆུང་ལྷ་ཁང་ནི་ད་ལྟ་སངས་རྒྱས་དགོན་ཞེས་པ་དེ་ཡིན་སྐད།

language:
Tibetan

2. Thupten Phuntsok Dictionary

སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཤང་ཁོངས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་དཀར་ཆུང་ལྷ་ཁང་གསར་བཞེངས་དུས་བཙུགས་པའི་རྡོ་རིང་ཡིན་པ་དང་། དེའི་ལྡེབས་སུ་བཙན་པོ་གོང་མ་རྣམས་ཀྱི་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་པ་དང་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ། གཙུག་ལག་ཁང་བཞེངས་པ་སོགས་གདུང་རབས་བརྒྱུད་ཀྱིས་འདི་ལྟར་མཛད་པ་འདི་དུས་ནམ་ཡིན་ཡང་མ་ཞིག་པར་ད་ཕྱིན་ཆད་གདུང་རབས་རེ་རེ་བཞིན་བཙན་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་དམ་བཅའོ་ཞེས་སོགས་འཁོད་པ་བཀའ་གཙིགས་ཀྱི་ཡི་གེ་ཡིན་འདུག དཀར་ཆུང་ལྷ་ཁང་ནི་ད་ལྟ་སངས་རྒྱས་དགོན་ཞེས་པ་དེ་ཡིན་སྐད།

language:
Tibetan