- dkar 'dem dgon
- ID:
- T223439
- དཀར་འདེམ་དགོན (Tibetan, Tibetan script, Original)
- > dkar 'dem dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > kar dem gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་དཀར་འདེམ་ཐེག་ཆེན་གླིང་ཟེར། སྤྱི་ལོའི་དུས་རབ་བཅུ་གསུམ་པའི་འགོ་ཙམ་ན་འགྲོ་མགོན་དུང་མཚོ་རལ་པ་ཞེས་པས་ཕྱག་བཏབ། དགའ་ལྡན་ཕོ་བྲང་གི་སྐབས་སུ་སོག་པོ་ཇུན་གར་པའི་དམག་གིས་གནོད་སྐྱོན་ཐེབས། རབ་བྱུང་བཞི་པའི་ལྕགས་ལུག་སྤྱི་ལོ་ (༡༨༡༡) ལོར་རྭ་སྒྲེངས་སྐུ་ཕྲེང་གསུམ་པའི་ཡོངས་འཛིན་ཆོས་དཔོན་བསྟན་འཛིན་ཡར་འཕེལ་གྱིས་དགོན་པ་ཉམས་གསོ་གནང་ཞིང་གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་ལ་གྲུབ་མཐའ་དགེ་ལུགས་པར་བསྒྱུར་རྒྱུའི་ཆོག་མཆན་ཞུས་ཀྱང་བཀའ་ལུང་མ་ཐོབ་པར་གྲུབ་མཐའ་བཀའ་བརྒྱུད་རང་སོར་གནས་པར་བྱུང་། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཁོངས་སུ་ཡོད།
- language:
- Tibetan