- dkar leb drung yig pad+ma rdo rje
- ID:
- T223475
- དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེ (Tibetan, Tibetan script, Original)
- > dkar leb drung yig pad+ma rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > kar leb drung yik pema dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚན་གཞན་ཨོ་རྒྱན་རྡོ་རྗེ་ནི་རབ་བྱུང་བཅུ་བཞི་པའི་ས་རྟ(༡༨༥༨)ལོར་གཙང་ཕྱོགས་ལ་སྟོད་དིང་རི་ཤེལ་དཀར་རྫོང་ཁོངས་སྐུ་ར་ཞེས་པའི་སའི་ཆར་འཁྲུངས་ཤིང་། དཀར་ལེབ་དགོན་གྱི་དྲུང་ཡིག་མཛད་མྱོང་བས་ཡོངས་གྲགས་སུ་དཀར་ལེབ་དྲུང་ཡིག་ཅེས་འབོད། དགུང་ལོ་ཆུང་དུས་མཐོང་བྲག་རིན་པོ་ཆེ་དང་། སྟག་ཚང་བླ་མ་རིན་པོ་ཆེ། རྫོགས་ཆེན་རང་ཤར་གང་གྲོལ་སོགས་བླ་མ་མང་པོའི་དྲུང་དུ་རིམ་པར་བོད་ཡིག་དང་ལན་ཝར་སོགས་ཡིག་རིགས་ཁག་དང་། ལྷག་པར་བརྡ་སྤྲོད་པའི་གཞུང་ལུགས་ཀྱིས་མཚོན་རིག་པའི་གནས་མང་པོར་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་ཙམ་ནས་བརྡ་སྤྲོད་པའི་གཞུང་ལུགས་ལ་བརྡར་ཤ་ཆོད་པའི་སུམ་རྟགས་མཁན་པོ་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ཐོག་སྙན་དངགས་དང་ཚད་མའི་གཞུང་ལུགས། ནང་དོན་རིག་པ་སོགས་གང་གི་ཐད་མཁས་པའི་གོ་འཕང་རྙེད། དཀར་ལེབ་དགོན་ནས་དྲུང་ཡིག་དགོངས་ཞུ་གནང་སྟེ་སྟོད་ཁུལ་དུ་ཕྱིར་ལོག་ཕེབས་རྗེས་དབུས་གཙང་སྤྱི་དང་བྱེ་བྲག་ལ་སྟོད་ཀྱི་ཕྱོགས་སུ་སུམ་རྟགས་གཙོ་བོར་གྱུར་པའི་རིག་གནས་སློབ་ཁྲིད་རྒྱ་ཆེར་མཛད་ནས་རིམ་གྲས་འདྲ་མིན་རིས་སུ་མ་ཆད་པའི་སློབ་མའི་ཚོགས་མང་དུ་བསྐྱངས། འབྲོག་ཆུ་བཟང་རིན་པོ་ཆེ་སྐུ་མཆེད་དང་། པ་རྣམ་ཁམས་བྲག་སྤྲུལ་པའི་སྐུ། ངེས་དོན་གྲུབ་དབང་ཐོན་བླ་ཀུན་བཟང་རྡོ་རྗེའི་སྐུ་ཚ་ཆོས་དར་སྐུ་མཆེད་སོགས་སུམ་རྟགས་ལ་མཁས་པའི་སློབ་མ་དུ་མ་བྱུང་། སྔ་རྗེས་སུ《ཐོན་མིའི་དགོངས་རྒྱན》དང་། ་《རྟགས་ཀྱི་འཇུག་པའི་དཀའ་གནད་སྙིང་པོ་རབ་གསལ》《མཐའ་དཔྱོད་དྭངས་ཤེལ་མེ་ལོང》སོགས་རྩོམ་འབྲི་མཛད། དེ་མིན་བརྡ་སྤྲོད་ཀྱི་གཞུང་ལ་མཁས་པར་གྲགས་པའི་འབྲས་ལྗོངས་བླ་མ་ཨོ་རྒྱན་ལགས་དང་ཁུ་ནུ་བ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས་གནང་བའི་རྩོད་ཡིག་ལ་རྩོད་ལན་དང་། ཡང་ལན། ཁམས་བྲག་སྤྲུལ་སྐུ་རིན་པོ་ཆེའི་བཞེད་ཚུལ་དང་། ཤར་ཁུམ་བུ་བ་ངག་དབང་ཚུལ་ཁྲིམས་ཀྱི་འདྲི་བར་དྲིས་ལན་མཛད་པའི་རྩོམ་ཡིག་དང་། ལྷག་པར་དྲིས་ལན་གནྡྷི་རྦྷའི་གླིང་བུ་དང་ཞོ་འཐུང་རུས་པ་ཞེས་པ་ནི་དགུང་ལོ་བདུན་ཅུ་དོན་ལྔར་རྩོམ་འབྲི་གནང་བ་ཞིག་ཡིན། མདོར་ན་བོད་ཀྱི་རིག་གནས་བྱ་གཞག་ཆེད་དུ་འབད་བརྩོན་ལྷོད་མེད་མཛད། འདས་ལོ་མི་གསལ།
- language:
- Tibetan
2. Thupten Phuntsok Dictionary
མཚན་གཞན་ཨོ་རྒྱན་རྡོ་རྗེ་ཟེར། རབ་བྱུང་བཅུ་བཞི་པའི་ས་རྟ (༡༨༥༨) ལོར་གཙང་ཕྱོགས་ལ་སྟོད་དིང་རི་ཤེལ་དཀར་རྫོང་ཁོངས་སྐུ་ར་ཞེས་པའི་སའི་ཆར་འཁྲུངས་ཤིང་། དཀར་ལེབ་དགོན་གྱི་དྲུང་ཡིག་མཛད་མྱོང་བས་ཡོངས་གྲགས་སུ་དཀར་ལེབ་དྲུང་ཡིག་ཅེས་འབོད།
- language:
- Tibetan