- dkon mchog bstan 'dzin 'phrin las rnam rgyal
- ID:
- T223481
- དཀོན་མཆོག་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ (Tibetan, Tibetan script, Original)
- > dkon mchog bstan 'dzin 'phrin las rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
- > könchok tendzin trinlé namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་གི་གདན་རབས་ཉེར་བརྒྱད་པ་འདི་ཉིད་ཀོང་པོའི་ཡུལ་གྱི་སའི་ཆར་འཁོད་པའི་མངའ་བདག་མྱང་གི་སྐུ་རྒྱུད་སྔགས་འཆང་ཞིག་གི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག(༡༧༧༠)ལོར་སྐུ་བལྟམས། འབྲི་གུང་གི་གདན་རབས་ཉེར་བདུན་པ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནས་རྗེ་འདི་ཉིད་དགུང་ལོ་བདུན་པ་ལ་འབྲི་གུང་གདན་རབས་ཉེར་དྲུག་པ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་དཔལ་ལྡན་ཆོས་ཀྱི་ཉི་མ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མེ་སྤྲེལ(༡༧༧༦)ལོར་ཆུང་སྲིད་འབྲི་གུང་དུ་གདན་དྲངས། དེ་ནས་ཐིལ་དུ་ཆོས་རྗེ་རིན་པོ་ཆེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་དཀོན་མཆོག་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ཞེས་བསྩལ། འབྲི་གུང་པའི་བཀའ་ཆོས་ཕལ་ཆེ་བ་དང་བདེ་འདུས་སོགས་གསར་རྙིང་གི་ཟབ་ཆོས་མང་དུ་གསན། དགུང་ལོ་བཅོ་ལྔའི་སྟེང་དགེ་ཚུལ་གྱི་བསླབ་སྡོམ་བཞེས། མཚན་བསྟན་འཛིན་པདྨའི་རྒྱལ་མཚན་འཇིགས་མེད་འཕྲིན་ལས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། ལྷོ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་ལས་དབང་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་(༡༧༨༨)ལོར་འབྲི་གུང་གི་གདན་རབས་ཉེར་བརྒྱད་པའི་ཁྲིར་ཕེབས། ལྕགས་སྤྲེལ(༡༨༠༠)ལོར་འབྲི་གུང་གི་གདན་རབས་གསེར་ཕྲེང་ཞེས་བྱ་བ་བརྩམས། དགུང་ལོ་ཉེར་གསུམ་པ་ལ་རྗེ་ཆོས་ཀྱི་ཉི་མས་མཁན་པོ་དང་། ལྷོ་རིན་པོ་ཆེས་ལས་སློབ་མཛད་ནས་དགེ་འདུན་ཁ་སྐོང་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ལོ་དེ་རང་ལ་རྗེ་གོང་མ་དགོངས་པ་རྫོགས་པས་འབྲི་གུང་གདན་སའི་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས། སྐུ་ཚེ་སྨད་ཀྱི་མཛད་རྣམ་དང་འདས་ལོ་སོགས་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
འབྲི་གུང་གི་གདན་རབས་ཉེར་བརྒྱད་པ་འདི་ཉིད་ཀོང་པོའི་ཡུལ་གྱི་སའི་ཆར་འཁོད་པའི་མངའ་བདག་མྱང་གི་སྐུ་རྒྱུད་སྔགས་འཆང་ཞིག་གི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག (༡༧༧༠) ལོར་སྐུ་བལྟམས། དགུང་ལོ་བཅུ་དགུ་ལ་སླེབས་པ་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ལོ་(༡༧༨༨)འབྲི་གུང་གི་གདན་རབས་ཉེར་བརྒྱད་པའི་ཁྲིར་ཕེབས། སྐུ་ཚེ་སྨད་ཀྱི་མཛད་རྣམས་དང་འདས་ལོ་སོགས་མ་རྙེད།
- language:
- Tibetan