Skip to main content Skip to search
dkon mchog rin chen
ID:
T223483
  • དཀོན་མཆོག་རིན་ཆེན (Tibetan, Tibetan script, Original)
    • > dkon mchog rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > könchok rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(འབྲི་གུང་ཆེ་ཚང་སྐུ་ཕྲེང་དང་པོ)འབྲི་གུང་གདན་རབས་ཉེར་གཉིས་པ་དཀོན་མཆོག་རིན་ཆེན་ནི་གདན་རབས་ཉེར་གཅིག་པ་དང་ཡབ་ཡུམ་གཅིག་པ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་འོས་སྤྲུལ་དུ་ཡོད་ཀྱང་ཡབ་ནས་འབྲི་གུང་གི་བསྟན་པར་དགོངས་ནས་གཏོང་འདོད་མ་གནང་། དགུང་ལོ་དགུ་ལ་ཡབ(རྒན་ཆོས)ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་དཀོན་མཆོག་རིན་ཆེན་དུ་གསོལ། དགུང་ལོ་བཅུ་དྲུག་སྟེང་གཅེན་ཞྭ་དམར་བ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཐོག་དུས་འཁོར་སོགས་ཀྱི་དབང་གསན། དེ་བཞིན་བླ་མ་དུ་མ་བསྟེན་ཏེ་གསུང་ཆོས་མང་པོ་གསན་ནས་སྒྲུབ་པ་ཉམས་བཞེས་མཛད་ཅིང་། འབྲི་གུང་དང་། འཕན་པོ། ཙ་རི། ལྷོ་ཁ་སོགས་སུ་ཕེབས་ཏེ་ཆོས་འཁོར་རྒྱ་ཆེ་བསྐོར། དགུང་ལོ་ཉེར་དྲུག་སྐབས་གདན་སའི་ཁྲིར་ཕེབས། གསེར་ཁང་སོགས་ལ་ཉམས་གསོ་རྟེན་བཞེངས་རྒྱས་པར་གནང་། རིས་མེད་ཀྱི་དགེ་འདུན་སྡེར་བསྙེན་བཀུར་རྒྱ་ཆེ་མཛད། གདུང་རྒྱུད་སྤེལ་བར་མ་མཛད་སྟབས་སྐྱུ་རའི་གདུང་འདི་ནས་ཆད། དགུང་ལོ་རེ་ལྔའི་སྟེང་སྐུ་འདས། ཆེ་ཚང་སྐུ་ཕྲེང་དང་པོར་འདྲེན། སློབ་མའི་མཆོག་ཏུ་གྱུར་པ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ་ཡང་མལ་གྲོ་བ་རབ་ཏུ་འཁྲུངས་ཤིང་། རིན་ཆེན་བྲག་སོགས་ཀྱི་བླ་མ་མཛད་དོ།

language:
Tibetan

2. Thupten Phuntsok Dictionary

(འབྲི་གུང་ཆེ་ཚང་སྐུ་ཕྲེང་དང་པོ) འབྲི་གུང་གདན་རབས་ཉེར་གཉིས་པ་དཀོན་མཆོག་རིན་ཆེན་ནི་གདན་རབས་ཉེར་གཅིག་པ་དང་ཡབ་ཡུམ་གཅིག་པ་ཡིན།

language:
Tibetan