Skip to main content Skip to search
dkon mchog la bsngos pa'i nor
ID:
T223484
  • དཀོན་མཆོག་ལ་བསྔོས་པའི་ནོར (Tibetan, Tibetan script, Original)
    • > dkon mchog la bsngos pa'i nor (Tibetan, Latin script, Transliteration-THL Extended Wylie Transliteration)
    • > könchok la ngöpé nor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཆོས་དད་ཅན་གྱི་མི་དང་ཚོགས་པས་དཀོན་མཆོག་གསུམ་གྱི་ཆེད་དུ་ཕུལ་བའི་རྒྱུ་ནོར་སྟེ། སངས་རྒྱས་ལ་ཕུལ་བ་ནི་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་བཞེངས་པའི་རྒྱུ་ཆའམ་མཆོད་པ་འབུལ་བའི་ཆེད་དུ་ཕུལ་བ། ཆོས་ལ་ཕུལ་བ་ནི་སངས་རྒྱས་བཞེངས་པའམ། ཀློག་པ། ཆོས་འཆད་པ་དང་ཉན་པ་སོགས་ཀྱི་ཆེད་དུ་ཕུལ་བ། དགེ་འདུན་ལ་ཕུལ་བ་ནི་དགེ་འདུན་གྱི་སྡེ་བཞེངས་པ་དང་བསྙེན་བཀུར་འབུལ་བ་སོགས་ཀྱི་ཆེད་དུ་ཕུལ་བ་བཅས་ལ་ཟེར་ཞིང་། དེ་ཡང་ཕུལ་ཟིན་པའམ་འབུལ་རྒྱུར་ཐག་བཅད་ཟིན་པ་གཉིས་ཀ་ཡོད།

language:
Tibetan

2. Thupten Phuntsok Dictionary

ཆོས་དད་ཅན་གྱི་མི་དང་ཚོགས་པས་དཀོན་མཆོག་གསུམ་གྱི་ཆེད་དུ་ཕུལ་བའི་རྒྱུ་ནོར་སྟེ། སངས་རྒྱས་ལ་ཕུལ་བ་ནི་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་བཞེངས་པའི་རྒྱུ་ཆའམ་མཆོད་པ་འབུལ་བའི་ཆེད་དུ་ཕུལ་བ། ཆོས་ལ་ཕུལ་བ་ནི་སངས་རྒྱས་ཀྱི་གསུང་རབ་བཞེངས་པ་འམ། ཀློག་པ། ཆོས་འཆད་པ་དང་ཉན་པ་སོགས་ཀྱི་ཆེད་དུ་ཕུལ་བ། དགེ་འདུན་ལ་ཕུལ་བ་ནི་དགེ་འདུན་གྱི་སྡེ་བཞེངས་པ་དང་བསྙེན་བཀུར་འབུལ་བ་སོགས་ཀྱི་ཆེད་དུ་ཕུལ་བ་བཅས་ལ་ཟེར་ཞིང་། དེ་ཡང་ཕུལ་ཟིན་པའམ་འབུལ་རྒྱུར་ཐག་བཅད་ཟིན་པ་གཉིས་ཀ་ཡོད།

language:
Tibetan