Skip to main content Skip to search
dkon pa rje gung stag
ID:
T223489
  • དཀོན་པ་རྗེ་གུང་སྟག (Tibetan, Tibetan script, Original)
    • > dkon pa rje gung stag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > könpa jé gung tak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ནང༌བློན། ཡབ་འཁོན་བར་སྐྱེས་དང་ཡུམ་བཙན་བཟའ་ལྕམ་བུ༌སྒྲོན་གྱི་སྲས། འདི་ཉིད་མཐུ་སྟོབས་དང་རྫུ་འཕྲུལ་ཆེ་ལ། ། བློ་དང་རིག་པ་རྒོད་པ། གཟུགས་དང་ལང་ཚོ་འཛོམས་པ། ཀུན་གྱི་ཡིད་འཕྲོག་པ་ཞིག་ཡོད་པས་འདི་འདྲ་མི་ཡི་ཡུལ་དུ༌སྐྱེས་པ་དཀོན་ཟེར་ནས་མཚན་ཡང་དཀོན་པ་རྗེ་གུང་སྟག་ཅེས་གསོལ། ཁོང་གིས་དགེ་བཅུ་ཚང་བའི་བསམ་ཡས་ལ་གནས་བཅས་པས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་ལ་བབས་ནས་ནང་བློན་བཅོལ། གླང་བཟའ་ནེ་ཆུང་མ་ཁབ་ཏུ་བཞེས་པར་སྲས་གཉིས་འཁྲུངས་པའི་ཆེ་བ་ལ་འཁོན་ཀླུའི། དབང་པོ་དང་ཆུང་བ་ལ་འཁོན་རྡོ་རྗེ་རིན་ཆེན་ཞུའོ།

language:
Tibetan

2. Thupten Phuntsok Dictionary

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན། ཡབ་འཁོན་བར་སྐྱེས་དང་ཡུམ་བཙན་བཟའ་ལྕམ་བུ་སྒྲོན་གཉིས་ཀྱི་སྲས། འདུ་ཉིད་མཐུ་སྟོབས་དང་རྫུ་འཕྲུལ་ཆེ་ལ། བློ་དང་རིག་པ་རྒོད་པ། གཟུགས་དང་ལང་ཚོ་འཛོམས་པ། ཀུན་གྱི་ཡིད་འཕྲོག་པ་ཞིག་ཡོད་པས་འདི་འདྲ་མི་ཡི་ཡུལ་དུ་སྐྱེས་པ་དཀོན་ཟེར་ནས་མཚན་ཡང་དཀོན་པ་རྗེ་གུང་སྟག་ཅེས་གསོལ། ཁོང་གིས་དགེ་བཅུ་ཚང་བའི་བསམ་ཡས་ལ་གནས་བཅས་པས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་ལ་བབས་ནས་ནང་བློན་བཅོལ། གླང་བཟའ་ནེ་ཆུང་མ་ཁབ་ཏུ་བཞེས་པར་སྲས་གཉིས་འཁྲུངས་པའི་ཆེ་བ་ལ་འཁོན་ཀླུའི་དབང་པོ་དང་ཆུང་བ་ལ་འཁོན་རྡོ་རྗེ་རིན་ཆེན་ཞུའོ།།

language:
Tibetan