- dkyil zur blo bzang sbyin pa
- ID:
- T223514
- དཀྱིལ་ཟུར་བློ་བཟང་སྦྱིན་པ (Tibetan, Tibetan script, Original)
- > dkyil zur blo bzang sbyin pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyil zur lo zang jinpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གཙང་སྟོད་ཐང་སྦེ་ཞེསཔའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་ཡུམ་ཆུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་(༡༨༢༡)ལོར་སྐུ་བལྟམས། དགུང་ལོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། ཡི་གེ་འབྲི་ཀློག་ལེགས་པར་སྦྱངས། དེ་ནས་གཞུང་བཀའ་པོད་ལྔ་ལ་འབད་པས་སྦྱངས་ཏེ་བཀའ་བཅུའི་མིང་བཏགས་ཐོབ། དགུང་ལོ་ཉེར་བདུན་པར་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་དགུ་པར་རབ་འབྱམས་སྨྲ་བའི་སེང་གེའི་མཚན་བཏགས་བཞེས་ཏེ་རྒྱུད་པ་གྲྭ་ཚང་དུ་ལོ་བཅུ་གཉིས་རིང་གསང་སྔགས་སྐོར་ཀུན་ཐུགས་གཉེར་མཛད། སྐབས་དེར་རྗེ་འདི་ཉིད་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་སྤྲུལ་སྐུ་ཡིན་ཞེས་དབུས་གཙང་ཡོངས་སུ་གྲགས་ཤིང་། བཀའ་ཟུར་མཁྱེན་རབ་བསམ་གཏན་གྱིས་ཡོངས་འཛིན་བློ་བཟང་བསྟན་འཛིན་བཞུགས་གནས་དཔལ་འབྱོར་ལྷུན་པོའི་རི་ཁྲོད་དུ་གདན་ཞུ་[བྱས། དགུང་ལོ་ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེ་ནས་བཀྲས་ལྷུན་དཀྱིལ་ཁང་གྲྭ་ཚང་གི་བདག་པོར་བསྐོས། དགུང་ལོ་ང་བདུན་པ་རབ་བྱུང་བཅོ་ལྔ་པའི་མེ་གླང་(༡༨༧༧)ལོར་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྱི་མཛད་ནས་ལྷ༌ལྡན་དུ་འབྱོར། འབྲས་སྤུངས་དང་སེ་ར་དགོན་སོགས་སུ་མང་འགྱེད་དང་བླ་མཆོད་ཁྲིད་ཆོས་སོགས་ཕུལ། མཁས་པ༌རྣམས་དང་བགྲོ་གླེང་མང་པོ་མཛད་དེ་མཁས་པའི་གྲགས་པ༌ཐོབ། དགུང་ལོ་རེ་དྲུག་པ་ཆུ་ལུག་ལོར་པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་བརྩམས། དགུང་ལོ་དོན་གཅིག་པ་ལྕགས་ཡོས(༡༨༩༡)ལོར་རང་རྣམ་ཚིགས་བཅད་མ་ལྗགས༌རྩོམ་མཛད། དེ་བཞིན《བཤེས་པའི་སྤྲིངས་ཡིག་གི་རྣམ་བཤད་འཕགས་པའི་དགོངས་པ་ཀུན་གསལ》《རྗེ་རིན་པོ་ཆེའི་བསྟོད་འགྲེལ་སྐལ་བཟང་སྐྱེ་བོའི་འཇུག་ངོགས》《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་རྣམ་པར་བཤད་པ་རྒྱལ་སྲས་འཇུག་ངོགས་ཀྱི་སྙིང་པོ》《རླུང་གི་བསྟན་བཅོས》སོགས་ལུགས་ཟུང་གི་བསླབ་བྱ་པོད་འབྲིང་གསུམ་ལྷག་བཞུགས། ནམ་གཤེགས་ཀྱི་ལོ་དུས་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
གཙང་སྟོད་ཐང་སྦེ་ཞེས་པའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་ཡུམ་ཆུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་ (༡༨༢༡) ལོར་སྐུ་བལྟམས། དགུང་ལོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1821 ལོར་གཙང་སྟོད་ཐང་སྦེའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་། ཡུམ་ཆུང་སྐྱེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་གྲྭ་བཙུན་མཛད་དེ། པཎ་ཆེན་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས། དེ་ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་པ་ནས་ཚད་མ་སྦྱོངས་ཏེ་བསྡུས་ཚན་སོ་སོའི་རྒྱུགས་ཕུལ་བས་དགྱེས་བཞེས་དང་ཆོག་བཀའ་ཐོབ། གཞུང་བཀའ་པོད་ལྔ་ལ་ལེགས་པར་སྦྱངས་པས་དཀའ་བཅུའི་མིང་རྟགས་བླངས། དགུང་ལོ་ཉེར་བདུན་པར་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་བླངས། དགུང་ལོ་ཉེར་དགུ་པར་རབ་འབྱམས་སྨྲ་བའི་སེང་གེའི་མཚན་རྟགས་བཞེས། དེ་ནས་རྒྱུད་པ་གྲྭ་ཚང་དུ་ལོ་བཅུ་གཉིས་ཀྱི་བར་དུ་དབྱངས་རོལ་སོགས་གསང་སྔགས་སྐོར་ཀུན་སྦྱངས། སྐབས་དེར་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་སྤྲུལ་སྐུ་ཡིན་འདུག་ཞེས་བཤད་པར་བརྟེན། བཀའ་ཟུར་མཁྱེན་རབ་བསམ་གཏན་གྱིས་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་བཞུགས་གནས་དཔལ་འབྱོར་ལྷུན་པོའི་རི་ཁྲོད་དུ་གདན་འདྲེན་ཞུས། དགུང་ལོ་ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེས་[104]བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་གདན་སར་བསྐོས། དགུང་ལོ་ང་བདུན་པར་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྱི་མཛད་ནས་དབུས་ལྷ་ལྡན་དུ་ཕེབས། འབྲས་སྤུངས་དང་སེ་ར་དགོན་སོགས་སུ་མང་འགྱེད་དང་བླ་མཆོད་ཁྲིད་ཆོས་སོགས་ཕུལ། མཁས་པ་རྣམས་དང་བགྲོ་གླེང་མང་པོ་མཛད་པས་མཁས་པའི་སྙན་གྲགས་ཐོབ། དགུང་ལོ་རེ་དྲུག་པར་པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་བརྩམས། དགུང་ལོ་དོན་གཅིག་པར་རང་རྣམ་ཚིགས་བཅད་མ་བརྩམས། ཁོང་གི་གསུང་རྩོམ་ནི་བླ་མའི་རྣལ་འབྱོར། ཞབས་བརྟན་གསོལ་འདེབས། གསུང་མགུར་བསླབ་བྱ། ལམ་རིམ་བླ་བརྒྱུད། སྤྱོད་འཇུག་འགྲེལ་བ། སྒྲུབ་ཐབས། འདུལ་བའི་དོགས་སྤངས་ལ་དཔྱད་པ། བསྡུས་རྩའི་འགྲེལ་བ་བཅས་ཆོས་ཚན་དྲུག་ཅུ་ཐམ་པ་ཡོད་དེ་པོད་གསུམ་དུ་བསྡུས་ནས་བཞུགས་སོ། །
- language:
- Tibetan