Skip to main content Skip to search
bka' khra'i babs rmyug bzhi zur rim 'gros
ID:
T223567
  • བཀའ་ཁྲའི་བབས་རྨྱུག་བཞི་ཟུར་རིམ་འགྲོས (Tibetan, Tibetan script, Original)
    • > bka' khra'i babs rmyug bzhi zur rim 'gros (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ka tré bab nyuk shyi zur rim drö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འབྲས་ལྗོངས་རྒྱལ་པོ་བསྟན་སྲུང་རྣམ་རྒྱལ་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཁྲིམས་ལུགས་སྐོར་དྲི་བ་ཞུས་པའི་ལན་དུ། སྟོང་གི་སྐུ་རྒྱལ་གྱི་བཞི་ཟུར་བབས་དང་།བཞི་ཟུར་རྨྱུག་ཅེས་པ་ཁྲིམས་ཁང་གི་དཔོན་པོས་ཞུ་གཏུགས་བྱེད་མཁན་དོ་བདག་ཕྱོགས་གཉིས་གཏུགས་གཤེར་ལ་འབོད་སྐབས་ཁྲིམས་དཔོན་ངོ་མར་བཞི་ཟུར་བབས་ཀྱི་ཟ་སྒོ་དང་། གཏུགས་གཤེར་གྱི་དོ་བདག་སོ་སོའི་སྐད་ཆ་དང་། ཁྲ་མ་ཟིན་བྲིས་འདེབས་མཁན་ཡིག་འབྲི་བ་ལ་བཞི་ཟུར་རྨྱུག་གི་ཟ་སྒོ་ཡིན་ཞེས་གསུངས་ཡོད་པ་དཔེར་ན་ཁྲིམས་གཏུགས་བྱེད་མིར་ཁྲིམས་འགལ་གྱི་ཉེས་ཆད་གསེར་སྲང་༡༠ཡིན་ན། དེའི་འབབ་གསེར་ངོ་མའམ་ཡང་ན་དངོས་པོ་འབྲུ་རིགས་ཡིན་ན་གསེར་སྲང་གང་ལ་འབྲུ་རིགས་མཁར་རུའི་ཁལ༥༦ཡིན་པས། གསེར་སྲང་བཅུའི་འབབ་རྩིས་ན་འབྲུ་ཁལ༥༦༠ཡིན་ཅིང་། ཁྲིམས་ཉེས་ཆད་འབྲུ་རིགས་ཁལ༥༦༠བཏང་ཡོད་ན་དེའི་བཞི་ཟུར་གཅིག་ལ་ཁལ༡༤༠ཡིན་པར་བརྟེན། ཁྲིམས་ཁང་གི་ཡོང་འབབ་ལ་བཞི་ཟུར་གཉིས་ཏེ་ཁལ༢༨༠ཡོད་པ་དེའི་ཕྱེད་ཆ་ཁལ༢༨༠དེ་དུམ་བུ་གཉིས་སུ་བགོས་པའི་ཁལ༡༤༠ཁྲིམས་དཔོན་ལ་འབབ་པ་དང་ཅིག་ཤོས་ཁལ༡༤༠དེ་ཡིག་འབྲི་བར་འབབ་པ་བཅས་དཔེ་མཚོན་དུ་བཀོད་པ་ཡིན། དེའི་ཐོག་ནས་ཁྲིམས་ཁང་ལ་ཞུ་གཏུགས་བྱ་དགོས་བྱུང་ན་དོ་བདག་ཕྱོགས་གཉིས་ཀར་བདེན་པ་སུ་ལ་ཡོད་མིན་ལ་མ་ལྟོས་པར་ཁྲིམས་ཁང་དུ་གཏུགས་གཤེར་བྱས་པའི་ཁྲིམས་འདེགས་འགྲོ་ལུགས་ཟེར་བ་དངུལ་དང་དངོས་པོའི་ཐོག་ནས་གྱོང་གུན་ཆེན་པོ་ཕོག་གི་ཡོད་པ་མཐོང་ཐུབ།

language:
Tibetan

bka' khra'i babs rmyug bzhi zur rim 'gros has 1 other term directly related to it, which is presented here.