Skip to main content Skip to search
bka' 'gyur ba blo bzang tshul khrims
ID:
T223577
  • བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས (Tibetan, Tibetan script, Original)
    • > bka' 'gyur ba blo bzang tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ka gyurwa lo zang tsultrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཛཡ་པཉི་ཏ་བློ་བཟང་འཕྲིན་ལས་ཀྱི་སློབ་མ་ཡིན། རྣམ་ཐར་ལོ་རྒྱུས་ད་ཕན་མ་མཇལ། གསུང་འབུམ་པོད་བཞི་ཡོད།

language:
Tibetan

2. Thupten Phuntsok Dictionary

ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་ཀྱི་སློབ་མ་ཡིན། རྣམ་ཐར་ལོ་རྒྱུས་ད་ཕན་མ་མཇལ།གསུང་འབུམ་པོད་བཞི་ཡོད།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཉིས་པའི་དུས་ཏེ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མགོའི་ཙམ་གྱི་མི་ཡིན། ཁོང་གིས་ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དཔལ་བཟང་པོ (1642—1715) སློབ་དཔོན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་གི་མཚན་གཞན་ལ་བཀའ་འགྱུར་པ་པཀྵི་ནོ་མོན་ཧན་ནམ་ཨེརྟི་ནི་མེར་ཀེན་ཞེས་ཀྱང་གསོལ། གྲུབ་མཐའ་ནི་ཞྭ་སེར་ཅོ་པན་འཆང་བའི་རི་བོ་དགའ་ལྡན་པ་ཡིན། ཁོང་གི་གསུང་རྩོམ་ནི《སྡེ་སྣོད་སྣ་ཚོགས་ཀྱི་བརྒྱུད་འདེབས》དང་། 《བསླབ་བྱ་རིན་པོ་ཆེ་ཐར་བའི་འཇུག་ངོགས》། 《བཅའ་ཡིག་ཐར་པའི་ཐེམ་སྐས》། 《སྒྲོན་མེ་བརྟག་པ》། 《བློ་སྦྱོང་དད་[91]པའི་བསྐུལ་མ》། 《རྟེན་འབྲེལ་མཐའ་དཔྱོད་བླང་དོར་གསལ་བའི་སྒྲོན་མེ》། 《རི་བོ་རྩེ་ལྔའི་གནས་བསྟོད》། 《བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས》བཅས་ཆོས་ཚན་ཆིག་བརྒྱ་བདུན་ཅུ་དོན་དགུ་ཡོད་པ་པོད་ཏི་དྲུག་ཏུ་བསྡུས་ནས་མཆིས་པ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། །

language:
Tibetan