Skip to main content Skip to search
bka' 'gyur rin po che 'dzam gling g.yas bzhag
ID:
T223578
  • བཀའ་འགྱུར་རིན་པོ་ཆེ་འཛམ་གླིང་གཡས་བཞག (Tibetan, Tibetan script, Original)
    • > bka' 'gyur rin po che 'dzam gling g.yas bzhag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ka gyur rinpoche dzamling yé shyak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔོན་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་(༡༦༧༡)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས་བཀའ་བཀོད་གནང་བ་ལྟར། སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱིས་བཞེངས་པའི་བཀའ་འགྱུར་མགོ་མཇུག་ཡོངས་རྫོགས་མཐིང་ཤོག་ལ་གསེར་བཏུལ་མ་འབའ་ཞིག་གིས་བྲིས་ཤིང་། གླེགས་ཤིང་རྣམས་ཙན་དན་དམར་པོ་ལ་གདོང་བརྐོས་རྣམས་བ་སོ་བརྐོས་མ་པ་ཏྲ་རིས་ཀྱིས་མཛེས་པ། ཆོས་ཆབ། ཆོས་ཐག། དབུ་ཤོག་དང་གཉིས་ལ་དབུ་ལྷ་སོགས་བཟོ་བཀོད་འགྲན་ཟླ་བྲལ་བ་གསར་བཞེངས་མཛད་ཅིང་། དེ་དུས་ཀྱི་གསེར་དང་། སྣག་ཚ། བཟོ་པའི་གླ་དང་བྱ་དགའ་བཅས་བསྡོམས་པའི་འགྲོ་གྲོན་འབྲུ་ལ་ཕབ་ན་ཁལ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་སོང་ཞེས《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ》ནང་གསལ་བས། དེ་དུས་ཀྱི་འབྲུའི་རིན་ཐང་འབྲུ་ཁལ་རེར་དངུལ་སྲང་མེད་ཞོ་མེད་སྐར་དྲུག་དང་ཕྱེད་ཡིན་པས་རིན་ཐང་དམའ་པོ་ཡིན་ཡང་། དེང་སང(༡༩༩༠ལོ)ལྷ་ས་ཁུལ་དུ་འབྲུ་ཁལ་རེར་སྒོར་བཅུ་བཞི་དང་། རྒྱ་མ་རེར་སྒོར་མེད་ཟུར་ལྔ་རེ་བྱས་པའི་རིན་ཐང་ལྟར་རྩིས་ན་སྒོར་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་བརྒྱད་སྟོང་དྲུག་བརྒྱ་དྲུག་ཅུ་རེ་དྲུག་ཡིན།

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ (༡༦༧༡) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས་བཀའ་བཀོད་གནང་བ་ལྟར། སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱིས་བཞེངས་པའི་བཀའ་འགྱུར་མགོ་མཇུག་ཡོངས་རྫོགས་མཐིང་ཤོག་ལ་གསེར་བཏུལ་མ་འབའ་ཞིག་གིས་བྲིས་ཤིང་། གླེགས་ཤིང་སྣམས་བ་སོ་བསྐོས་མངས་པ་ཏྲ་རིས་ཀྱིས་མཛེས་པ་ཆོས་ཆབ། ཆོས་ཐག དབུ་ཤོག་དང་གཏན་ཤོག་གཉིས་ལ་དབུ་ལྷ་སོགས་བཟོ་བཀོད་འགྲན་ཟླ་བྲལ་པ་གསར་བཞེངས་མཛད།

language:
Tibetan