Skip to main content Skip to search
bka' brgyad phug pa
ID:
T223582
  • བཀའ་བརྒྱད་ཕུག་པ (Tibetan, Tibetan script, Original)
    • > bka' brgyad phug pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kagyé pukpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཞིས་ཀ་བསམ་འགྲུབ་རྩེའི་རྫོང་གི་རྒྱབ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་མའི་སྟེང་གི་ཐད་འོག་ཙམ་གྱི་ཕུག་པ་གཉིས་སུ་སློབ་དཔོན་ཆེན་པོ་པདྨ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྣམ་གཉིས་ཀྱིས་ཡུལ༌འདིར་གནས་པའི་འདྲེ་སྲིན་གདུག་པ་ཅན་རྣམས་ཚར་བཅད། ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་རྒྱུན་རིང་བཞུགས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར། མན་ངག་གནང་སྟེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྒྲུབ་པ་མཛད་ནས་གྲུབ་པ་ཐོབ་པའི་རང་རྟགས་སུ་སྒྲུབ་ཆུ་གསར་དུ་རྡོལ་བ་དང་། བཀའ་བརྒྱད་ཀྱི་དབང་བསྐུར་མཛད་དུས་ཀྱི་སྟེགས་བུ་དང་བཅས་པ་མཇལ་རྒྱུ་ཡོད་ཅེས《མྱང་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང》ལས་གསུངས།

language:
Tibetan

2. Thupten Phuntsok Dictionary

གཞིས་ཀ་བསམ་འགྲུབ་རྩེའི་རྫོང་གི་རྒྱབ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་མའི་སྟེང་གི་ཐད་འོག་ཙམ་གྱི་ཕུག་པ་གཉིས་སུ་སློབ་དཔོན་ཆེན་པོ་པདྨ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྣམ་གཉིས་ཀྱིས་ཡུལ་འདིར་གནས་པའི་འདྲེ་སྲིན་གདུག་པ་ཅན་རྣམས་ཚར་བཅད། ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་རྒྱུན་རིང་བཞུགས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར། མན་ངག་གནང་སྟེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྒྲུབ་པ་མཛད་ནས་གྲུབ་པ་ཐོབ་པའི་རང་རྟགས་སུ་སྒྲུབ་ཆུ་གསར་དུ་རྡོལ་བ་དང་། བཀའ་བརྒྱད་ཀྱི་དབང་བསྐུར་མཛད་དུས་ཀྱི་སྟེགས་བུ་དང་བཅས་པ་མཇལ་རྒྱུ་ཡོད་ཅེསམྱང་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང》 ལས་གསུངས།

language:
Tibetan