Skip to main content Skip to search
bka' brgyud pa'i rnal 'byor bzhi
ID:
T223587
  • བཀའ་བརྒྱུད་པའི་རྣལ་འབྱོར་བཞི (Tibetan, Tibetan script, Original)
    • > bka' brgyud pa'i rnal 'byor bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kagyü pé naljor shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བཀའ་བརྒྱུད་གྲུབ་མཐའ་འཛིན་པའི་བླ་མ་གོང་མ་འགའ་ཞིག་གིས་ཕྱག་རྒྱ་ཆེན་པོའི་ལམ་བགྲོད་ཚུལ་ལ་རྣལ་འབྱོར་བཞིའི་ཐ་སྙད་མཛད་སྲོལ་ཡོད་པ་སྟེ། ༡་རྩེ་གཅིག(སེམས་ལ་རྩེ་གཅིག་ཏུ་དམིགས་པ)༢་སྤྲོས་བྲལ(སེམས་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བར་རྟོགས་པ)༣རོ་གཅིག(སྣང་བ་ཡུལ་དང་ཡུལ་ཅན་སེམས་གཉིས་རོ་གཅིག་ཏུ་རྟོགས་པ)༤སྒོམ་མེད(མཚན་བཅས་ཀྱིས་སྒོམ་དུ་མེད་པ་སྟེ་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་དང་བྲལ་ནས་སེམས་ཏིང་ངེ་འཛིན་དང་འདྲེས་པའི་ཉམས་འཆར་བ)བཅས་བཞི་ཡིན་ཅིང་། དེའི་ས་མཚམས་སྐོར་རྗེ་རྒོད་ཚང་པས། རྣལ་འབྱོར་བཞིའི་དང་པོ་མོས་སྤྱོད། གཉིས་པ་མཐོང་ལམ། གསུམ་པ་ས་གཉིས་པ་ནས་བདུན་པའི་བར། བཞི་པ་དག་ས་གསུམ་གྱི་ངོ་བོ་ཡིན་པར་བཞེད། བླ་མ་ཞང་རིན་པོ་ཆེས་ཕྱག་རྒྱ་ཆེན་པོ་ལ་ངོ་བོའི་ཐོག་ནས་ས་ལམ་རྩི་རྒྱུ་མེད་ཀྱང་། བླུན་པོ་དད་པ་ཅན་འགའ་ཞིག་དགའ་བ་བསྐྱེད་པའི་ཆེད་དུ། མདོ་ལུགས་ཀྱི་ས་ལམ་རྣམས་དོད་ཐུབ་ཀྱི་སྒོ་ནས་རྩིས་ཆོག་པར་གསུང་ཞིང་། རྩི་ཚུལ་རྗེ་རྒོད་ཚང་པ་དང་འདྲ་བར་བཞེད་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

བཀའ་བརྒྱུད་གྲུབ་མཐའ་འཛིན་པའི་བླ་མ་གོང་མ་འགའ་ཞིག་གིས་ཕྱག་རྒྱ་ཆེན་པོའི་ལམ་བགྲོད་ཚུལ་ལ་རྣལ་འབྱོར་བཞིའི་ཐ་སྙད་མཛད་སྲོལ་ཡོད་པ་སྟེ། ༡ རྩེ་གཅིག (སེམས་ལ་རྩེ་གཅིག་ཏུ་དམིགས་པ) ༢ སྤྲོས་བྲལ་ (སེམས་སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བར་རྟོགས་པ) ༣ རོ་གཅིག་ (སྣང་བ་ཡུལ་དང་ཡུལ་ཅན་སེམས་གཉིས་རོ་གཅིག་ཏུ་རྟོགས་པ) ༤ སྒོམ་མེད (མཚན་བཅས་ཀྱིས་སྒོམ་དུ་མེད་པ་སྟེ་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་དང་བྲལ་ནས་སེམས་ཏིང་ངེ་འཛིན་དང་འདྲེས་པའི་ཉམས་འཆར་བ) བཅས་བཞི་ཡིན་ཅིང་། དེའི་ས་མཚམས་སྐོར་རྗེ་རྒོད་ཚང་པས། རྣལ་འབྱོར་བཞིའི་དང་པོ་མོས་སྤྱོད། གཉིས་པ་མཐོང་ལམ། གསུམ་པ་ས་གཉིས་པ་ནས་བདུན་པའི་བར། བཞི་པ་དག་ས་གསུམ་གྱི་ངོ་བོ་ཡིན་པར་བཞེད། བླ་མ་ཞང་རིན་པོ་ཆེས་ཕྱག་རྒྱ་ཆེན་པོ་ལ་ངོ་བོའི་ཐོག་ནས་ས་ལམ་རྒྱུ་མེད་ཀྱང་། བླུན་པོ་དད་པ་ཅན་འགའ་ཞིག་དགའ་བ་བསྐྱེད་པའི་ཆེད་དུ། མདོ་ལུགས་ཀྱི་ས་ལམ་རྣམས་དོད་ཐུབ་ཀྱི་སྒོ་ནས་བརྩིས་ཆོག་པར་གསུང་ཞིང་། རྩི་ཚུལ་རྗེ་རྒོད་ཚང་པ་དང་འདྲ་བར་བཞེད་པ་ཡིན།

language:
Tibetan