- bka' chos gnang ba'i ri mo
- ID:
- T223593
- བཀའ་ཆོས་གནང་བའི་རི་མོ (Tibetan, Tibetan script, Original)
- > bka' chos gnang ba'i ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka chö nangwé rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཐང་རྒྱལ་རབས་སྐབས་ཀྱི་ཤིང་བརྐོས་རི་མོ་ཞིག་ཡིན། དེ་ནི་རང་རྒྱལ་དུ་ཐོན་སྔ་ཤོས་ཀྱི་ཤིང་བརྐོས་རི་མོ་ཞིག་ཡིན་པ་སྟེ། ཐང་རྒྱལ་རབས་ཀྱི་ཞན་ཐུང་ཁྲི་ལོ་དགུ་པ (སྤྱི་ལོ་༨༦༨) ལོར་པར་དུ་བརྐོས་པའི་ཆོས་རྡོ་རྗེ་གཅོད་པ་ཡི་རྒྱབ་ཤོག་གི་རི་མོ་དེའི་ནང་དོན་ནི་སྟོན་པ་ཤཱཀྱ་ཐུབ་པས་མཐའ་འཁོར་དུ་གནས་པའི་བྱང་ཆུབ་སེམས་པ་དང་ཉན་ཐོས། སྲུང་མ། དེ་བཞིན་སྦྱིན་བདག་སོགས་མི་བཅོ་བརྒྱད་ལ་ཆོས་གསུངས་པའི་རྣམ་པ་དང་། ནམ་མཁའི་མཐོངས་སུ་མཆོད་པའི་ལྷ་མོ་འཕུར་ལྡིང་བྱེད་པ། རྒྱབ་ལྗོངས་སུ་ར་བའི་ནང་དུ་ལྗོན་ཤིང་ཕུལ་བ་སོགས་བྲིས་ཡོད། ཤིང་བརྐོས་རི་མོ་དེ་སྐྱ་རིས་ལས་གྲུབ་པ་ཞིག་དང་བཅད་ཤུགས་ལྡན་ལ། བརྐོ་ཤུལ་རྣོ་རྩེ་ལྡན་པ། ཧྲོབ་ཞིབ་ཆ་མཉམ་ལ་བཀོད་སྒྲིག་འཚམས་པ་བཅས་ཀྱི་ཐོག་ནས་ཐང་རྒྱལ་རབས་སྐབས་ཀྱི་ཤིང་བརྐོས་རི་མོའི་སྒྱུར་རྩལ་གྱི་གྲུབ་འབྲས་མཚོན་ཐུབ་ཀྱི་ཡོད།
- language:
- Tibetan