Skip to main content Skip to search
bka' gter zung du 'brel ba
ID:
T223598
  • བཀའ་གཏེར་ཟུང་དུ་འབྲེལ་བ (Tibetan, Tibetan script, Original)
    • > bka' gter zung du 'brel ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kater zung du drelwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་རྒྱ་གར་ནས་བོད་དུ་བསྒྱུར་བའི་གྲས་ཀྱི་དབང་ལུང་མན་ངག་རྣམས་ལ་བཀའ་མ་དང་། རྒྱུད་དེའི་དགོངས་པ་དང་མཐུན་པའི་སྒྲུབ་ཐབས་དང་མན་ངག་སོགས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་ནས་གཏེར་དུ་སྦས་པ་རྗེས་སུ་གཏེར་ཆེན་རིམ་བྱོན་རྣམས་ཀྱིས་གཏེར་ནས་བཞེས་ཏེ་འཆད་སྤེལ་མཛད་པའི་རིགས་ལ་གཏེར་མ་ཞེས་གྲགས་ཤིང་། བཀའ་ཀཏེར་ཟུང་འབྲེལ་གྱི་ཆོས་བཀའ་མང་དུ་ཡོད་པ་ལས། སྐབས་འདིར་རྡོ་རྗེ་འཆང་གིས་གསུངས་པའི་རྟ་མཆོག་རོལ་པའི་རྒྱུད་ཀྱི་དགོངས་པ་ལྟར་སློབ་དཔོན་ཆེན་པོ་པདྨས་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་མཛད་ནས་སྙེ་མོར་གཏེར་དུ་སྦས་པ། སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱིས་གཏེར་ནས་བཞེས་ཏེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་གནང་བ་ནས་རིམ་པར་བརྒྱུད་དེ་དགེ་ལུགས་སོགས་གྲུབ་མཐའ་རིས་མེད་ལ་དར་རྒྱས་བྱུང་བ་ཡིན།

language:
Tibetan

2. Thupten Phuntsok Dictionary

སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་རྒྱ་གར་ནས་བོད་དུ་བསྒྱུར་བའི་གྲས་དབང་ལུང་མན་ངག་རྣམས་ལ་བཀའ་མ་དང་། རྒྱུད་དེའི་དགོངས་པ་དང་མཐུན་པའི་སྒྲུབ་ཐབས་དང་མན་ངག་སོགས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་ནས་གཏེར་དུ་སྦས་པ་རྗེས་སུ་གཏེར་ཆེན་རིམ་བྱོན་རྣམས་ཀྱིས་གཏེར་ནས་གཏོན་ཏེ་འཆད་སྤེལ་མཛད་པའི་རིགས་ལ་གཏེར་མ་ཞེས་གྲགས་ཤིང་། བཀའ་གཏེར་ཟུང་འབྲེལ་གྱི་ཆོས་བཀའ་མང་དུ་ཡོད་པ་ལས། སྐབས་འདིར་རྡོ་རྗེ་འཆང་གིས་གསུངས་པའི་རྟ་མཆོག་རོལ་པའི་རྒྱུད་ཀྱི་དགོངས་པ་སྟར་སློབ་དཔོན་ཆེན་པོ་པདྨས་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་མཛད་ནས་སྙེ་མོར་གཏེར་དུ་སྦས་པ། སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱིས་གཏེར་ནས་བཞེས་ཏེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་གནང་བ་ནས་རིམ་པར་བརྒྱུད་དེ་དགེ་ལུགས་སོགས་གྲུབ་མཐའ་རིས་མེད་ལ་དར་རྒྱས་བྱུང་བ་ཡིན།

language:
Tibetan