Skip to main content Skip to search
bka' gdams gdung rten
ID:
T223609
  • བཀའ་གདམས་གདུང་རྟེན (Tibetan, Tibetan script, Original)
    • > bka' gdams gdung rten (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kadam dung ten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔོན་བོད་དུབཀའ་གདམས་ཀྱི་བསྟན་པ་དར་རྒྱས་ཆེ་སྐབས་བལ་ཡུལ་ནས་ལྷ་བཟོ་མང་པོ་བོད་དུ་བོས་ནས་བཞེངས་པའི་མཆོད་རྟེན་ལ་ཟེར་ཞིང་། དེ་ཡི་ཁྱད་ཆོས་སྐོར་རིག་འཛིན་འཇིགས་མེད་གླིང་པས་མཛད་པའི《གཏམ་ཚོགས》ལྕགས་དཔར་མའི་ཤོག་གྲངས༡༢༥པར“བོད་རྙིང་པདྨ་རྐྱང་སྦྱར་གཉིས་པ་མང་། མས་མཐར་མུ་ཏིག་སྤྲས་དང་བུམ་སྟོད་རྒྱས། ། བྲེ་དཔངས་དམའ་ལ་མ་མཐར་ཟེ་པྲོག་ཅན། ཆོས་འཁོར་སྲིད་ཐུང་སྦོམ་ལ་ཆར་ཁེབས་སྦུབ། རྩེ་མོ་པད་འབུས་ཏོག་གམ་ཉི་ཟླ་སྤྲས། དབུས་ན་ལྕགས་མངོན་ལྕགས་ལྟེ(རྩེ)མ་རུ་གྲགས་ཞེས་གསུངས་པ་ལྟར། དེ་སྔོན་རྭ་སྒྲེང་དང་སྙེ་ཐང་སྒྲོལ་མ་ལྷ་ཁང་གཉིས་སུ་གདུང་རྟེན་དེའི་རིགས་ཆེ་ཆུང་སྣ་ཚོགས་མཇལ་རྒྱུ་ཡོད་ཅིང་། དེང་སྐབས་སྙེ་ཐང་སྒྲོལ་མ་ལྷ་ཁང་ནང་དུ་ཡང་བཀའ་གདམས་གདུང་རྟེན་ཆེ་གྲས་འགའ་ཞིག་མཇལ་རྒྱུ་ཡོད།

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་བོད་དུ་བཀའ་གདམས་ཀྱི་བསྟན་པ་དར་རྒྱས་ཆེ་སྐབས་བལ་ཡུལ་ནས་ལྷ་བཟོ་མང་པོ་བོད་དུ་བོས་ནས་བཞེངས་པའི་མཆོད་རྟེན་ལ་ཟེར་ཞིང་། དེང་སྐབས་སྙེ་ཐང་སྒྲོལ་མ་ལྷ་ཁང་ནང་དུ་ཡང་བཀའ་གདམས་གདུང་རྟེན་ཆེ་གྲས་འགའ་ཞིག་མཇལ་རྒྱུ་ཡོད།

language:
Tibetan