- bka' gdams pha chos
- ID:
- T223610
- བཀའ་གདམས་ཕ་ཆོས (Tibetan, Tibetan script, Original)
- > bka' gdams pha chos (Tibetan, Latin script, Transliteration-THL Extended Wylie Transliteration)
- > kadam pa chö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
《བཀའ་གདམས་གླེགས་བམ》པོད་གཉིས་ཡོད་པའི་ནང་གསེས་པོད་དང་པོ《བཀའ་གདམས་ཕ་ཆོས》ཡིན། དེ་ཡང་ཞུ་བ་པོ་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ་དང་། འབྲོམ་སྟོན་པ་ནི་ཇོ་བོ་རྗེས་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཅིང་། བཀའ་གདམས་ཀྱི་བསྟན་པའི་མེས་པོ་ཡིན་པའི་ཆ་ནས་ཕ་ཆོས་ཞེས་བཀའ་གདམས་པའི་བླ་མ་རྣམས་ཀྱི་གསུང་སྲོལ་ཡོད། གླེགས་བམ་འདིའི་ནང《བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས》ཤོག་གྲངས༢༣ཨ་ཏི་ཤའི་རྣམ་ཐར་རྒྱས་པ་དང་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་འབྲོམ་སྟོན་པས་མཛད་པ་བཅས་ལ་ཤོག་གྲངས་༡༢༥ཡོད། དགེ་བཤེས་སྟོན་པས་མཛད་པའི་གླེགས་བམ་གྱི་བཀའ་རྒྱ་ལ་ཤོག་གྲངས༥དང་། ཞུས་ལན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་བརྒྱུད་རྣམ་ཐར་ཤོག་ཤོག་གྲངས༡༥༤ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་ཕ་ཆོས་རིན་པོ་ཆེའི་གཏེར་མཛོད་གྲངས༡༤༣བཅས་ཡོད། འདིའི་བརྒྱུད་རིམ་དང་ལོ་རྒྱུས་སྐོར《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེའི》འགོར་གསལ།
- language:
- Tibetan
2. Thupten Phuntsok Dictionary
བཀའ་གདམས་གླེགས་བམ》པོད་གཉིས་ཡོད་པའི་ནང་གསེས་པོད་དང་པོབཀའ་གདམས་ཕ་ཆོས》ཡིན།དེ་ཡང་ཞུ་བ་པོ་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ་དང་། འབྲོམ་སྟོན་པ་ནི་ཇོ་བོ་རྗེས་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཅིང་། བཀའ་གདམས་ཀྱི་བསྟན་པའི་མེས་པོ་ཡིན་པའི་ཆ་ནས་ཕ་ཆོས་ཞེས་བཀའ་གདམས་པའི་བླ་མ་རྣམས་ཀྱི་གསུང་སྲོལ་ཡོད། འདིའི་བརྒྱུད་རིམ་དང་ལོ་རྒྱུས་སྐོར་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་འགོར་གསལ།
- language:
- Tibetan