Skip to main content Skip to search
bka' babs bdun ldan gyi brgyud pa
ID:
T223635
  • བཀའ་བབས་བདུན་ལྡན་གྱི་བརྒྱུད་པ (Tibetan, Tibetan script, Original)
    • > bka' babs bdun ldan gyi brgyud pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kabab dünden gyi gyüpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཇོ་ནང་ཏཱ་ར་ནཱ་ཐའི་རྩ་བའི་བླ་མ་བུངྡྷ་གུཔྟ་སྟེ་སངས་རྒྱས་སྦས་པ་ལ་གྲུབ༌ཆེན་ཞི་བ་སྦས་པ་ནས་བརྒྱུད་པའི་བཀའ་བབས་བདུན་གྱི་མན་ངག་ཆ་ཚང་བ་ཡོད་པ་སྟེ། ༡གྲུབ་ཆེན་ས་ར་ཧ་ནས། བརྒྱུད་པའི་ཕྱག་རྒྱ་ཆེན་པོ། ༢གྲུབ་ཆེན་བིར་ཝ་བ་ནས་བརྒྱུད་པའི་གཏུམ་མོ། ༣་རྒྱལ་པོ་ཨིནྡྲ་བོ་དྷི་ཆེ་བ་ནས་བརྒྱུད་པའི་ལས་རྒྱ། ༤སློབ་དཔོན་རྟ་མཆོག་དང་གྲུབ་ཆེན་དྲིལ་བུ་པ་ལས་བརྒྱུད་པའི་འོད་གསལ། ༥སློབ་[དཔོན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པའི་སྐྱེད་རིམ་འཕྲིན༌ལས་ཆ་ལག་དང་བཅས་པ། ༦ད་ཀྱི་བཤད་སྲོལ་སྣ་ཚོགས་པའི་བརྒྱུད་པ། ༧གྲུབ་ཆེན་གོོ་རཀྴ་ནས་བརྒྱུད་པའི་མན་ངག་ཐོར་བུ་སྣ་ཚོགས་ཀྱི་བརྒྱུད་པ་བཅས་ལ་ཟེར། འདི་སྐོར་གྱི་ལོ་རྒྱུས་ཞིབ་པར་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་རྟག་བརྟན་ཕུན་ཚོགས་གླིང་གི་དཔར་མ་པོད[མ]པའི་ནང《བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་གཏམ》ཤོག་གྲངས་༧༠ཡོད་པ་ཞིག་བཞུགས་པ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

ཇོ་ནང་ཏཱ་ར་ནཱ་ཐའི་རྩ་བའི་བླ་མ་བུདྡྷ་གུཔྟ་སྟེ་སངས་རྒྱས་སྦས་པ་ལ་གྲུབ་ཆེན་ཞི་བ་སྦས་པ་ནས་བརྒྱུད་པའི་བཀའ་བབས་བདུན་གྱི་མན་ངག་ཆ་ཚང་བ་ཡོད་པ་སྟེ། ༡ གྲུབ་ཆེན་ས་ར་ཧ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ། ༢ གྲུབ་ཆེན་བིར་ཝ་བ་ནས་བརྒྱུད་པའི་གཏུམ་མོ། ༣་རྒྱལ་པོ་ཨིནྡྲབོ་དྷི་ཆེ་བ་ནས་བརྒྱུད་པའི་ལས་རྒྱ། ༤ སློབ་དཔོན་རྟ་མཆོག་དང་གྲུབ་ཆེན་དྲིལ་བུ་པ་ལས་བརྒྱུད་པའི་འོད་གསལ། ༥ སློབ་དཔོན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པའི་སྐྱེད་རིམ་འཕྲིན་ལས་ཆ་ལག་དང་བཅས་པ། ༦ རྒྱུད་ཀྱི་བཤད་སྲོལ་སྣ་ཚོགས་པའི་བརྒྱུད་པ། ༧ གྲུབ་ཆེན་གཽ་རཀྵ་ནས་བརྒྱུད་པའི་མན་ངག་ཐོར་བུ་སྣ་ཚོགས་ཀྱི་བརྒྱུད་པ་བཅས་ལ་ཟེར།

language:
Tibetan