Skip to main content Skip to search
bkwan ting gu shri
ID:
T223707
  • བཀྭན་ཏིང་གུ་ཤྲི (Tibetan, Tibetan script, Original)
    • > bkwan ting gu shri (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ken ting gu shri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(灌顶国师)༡དེ་སྔོན་ས་སྐྱ་བདག་ཆེན་བཟང་པོ་དཔལ་གྱི་སྲས་མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཀུ་ཤ་ལ་གུ་ཐུག་རྒྱལ་པོས་རབ་བྱུང་ལྔ་པའི་ཤིང་གླང་(༡༣༢༥)ལོར་ཕུལ་བའི་ཆོ་ལོའི་མིང་། ༢ཕག་གྲུའི་སྡེ་སྲིད་ཁྲི་རབས་གཉིས་པ་འཇམ་དབྱངས་གུ་ཤི་ཤཱཀྱ་རྒྱལ་མཚན་ལ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཧུང་ཝུས་རབ་བྱུང་དྲུག་པའི་ཆུ་བྱི(༡༣༧༢)ལོར་གནང་བའི་ཆོ་ལོ། ༣ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་དབང་གྲགས་པ་རྒྱལ་མཚན་ལ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཧུང་ཝུས་རབ་བྱུང་བདུན་པའི་ས་འབྲུག(༡༣༨༨)ལོར་གནང་བའི་ཆོ་ལོ་ཐེངས་དང་པོ། ༤ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ནན་ཅིན་དུ་གདན་དྲངས་པ་ལྟར་ཕེབས་སྐབས་མཉམ་དུ་ཕེབས་པའི་མཚུར་ཕུའི་བླ་ཆེན་འབྲོང་བུ་དང་། སློབ་དཔོན་དཀའ་བཞི་པ་རིན་ཆེན་དཔལ། སློབ་དཔོན་མགོན་བློན་པ་བཅས་གསུམ་ལ་གནང་བའི་ཆོ་ལོ་བཅས་ཡིན།

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་ས་སྐྱ་བདག་ཆེན་བཟང་པོ་དཔལ་གྱི་སྲས་མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་ལ་ཡོན་རྒྱལ་རབས་ཀྱི་གོང་མ་ཀུ་ཤ་ལ་གུ་ཐུག་རྒྱལ་པོས་རབ་བྱུང་ལྔ་པའི་ཤིང་གླང (༡༣༢༥) ལོར་ཕུལ་བའི་ཆོ་ལོའི་མིང་།

language:
Tibetan