Skip to main content Skip to search
bkra thang blo bzang chos kyi nyi ma
ID:
T223712
  • བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མ (Tibetan, Tibetan script, Original)
    • > bkra thang blo bzang chos kyi nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tra tang lo zang chö kyi nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ཇེ་འཕེལ་ཐོག་ཡབ་ཨ་འགྲུབ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་ག(༡༧༦༣)ལོར་འཁྲུངས། རིང་པོར་མ་ལོན་པར་ཆོས་སྡེ་ཆེན་པོ་དགའ་ལྡན་དོན་གྲུབ་གླིང་དུ་མངའ་གསོལ། དགུང་ལོ་བདུན་ཐོག་ཀླུ་སྒྲུབ་མཆོག་སྤྲུལ་ངག་དབང་འཇིགས་མེད་ནས་གཙུག་ཕུད་བཞེས་ཏེ་མཚན་བློ་བཟང་ཉི་མ་བསྟན་པའི་རྒྱལ་མཚན་དུ་གསོལ། དགེ་བའི་བཤེས་གཉེན་བློ་བཟང་དཔལ་སྦྱིན་གྱི་དྲུང་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། ཁུ་བོ་ཀླུ་སྒྲུབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་གསན། དེ་ནས་དབུས་ཕྱོགས་སུ་བྱོན་ཏེ་འབྲས་བློ་གླིང་གི་ཆོས་གྲྭར་ཞུགས། གཞུང་པོད་ལྔར་གསན་སྦྱང་མཛད། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གླིང་བསྲེའི་མཚན་བཏགས་མཛད་དེ་མདོ་སྨད་དུ་བྱོན་ནས་ཆོས་སྡེ་དོན་གྲུབ་གླིང་དང་སྦྲ་ནག་བདེ་ཆེན། བཀྲ་ཐང་སོགས་དགོན་སྡེ་ཁག་ལ་བཤད། སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མཛད། ཆོས་སྡེ་དོན་གྲུབ་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། བཀའ་རྩོམ་ལ་མཚོན་ན《ཡན་ལག་བདུན་པ་རྒྱས་པ་བྱ་ཚུལ་བསོད་ནམས་ཆུ་གཏེར》《འཇིགས་བྱེད་གཙོ་རྐྱང་གི་སྒོམ་བཟླས་བྱ་ཚུལ་དངོས་གྲུབ་འབྱུང་གནས》《སྨོན་ལམ་རྒྱས་པ་འདོད་དོན་ཀུན་གྲུབ》《རྫ་རག་གསེར་ལྡན་གྱི་རྣམ་ཐར་མཁས། བླུན་ཀུན་གྱི་རྣ་བར་འཇེབས་པའི་གླིང་བུའི་སྒྲ་དབྱངས》《དཔལ་རྡོ་རྗེ་འཇིགས་མཛད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་དགྲ་བགེགས་བསྲེགས་པའི་མེ་ཕུང》སོགས་མང་པོ་མཛད། དགུང་གྲངས་ང་དགུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པ་ལྕགས་སྦྲུལ(༡༨༢༡)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་ཇེ་འཕེལ་ཐོག་ཡབ་ཨ་འགྲུབ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་ལུག (༡༧༦༣) ལོར་འཁྲུངས། བཀྲ་ཐང་སོགས་དགོན་སྡེ་ཁག་ལ་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མཛད། ཆོས་སྡེ་དོན་གྲུབ་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། བཀའ་རྩོམ་ལ་མཚོན་ནཡན་ལག་བདུན་པ་རྒྱས་པ་བྱ་ཚུལ་བསོད་ནམས་ཆུ་གཏེར》 འཇིགས་བྱེད་གཙོ་རྐྱང་གི་སྒོམ་བཟླས་བྱ་ཚུལ་དངོས་གྲུབ་འབྱུང་གནས》 སྨོན་ལམ་རྒྱས་པ་འདོད་དོན་ཀུན་གྲུབ》 རྫ་རག་གསེར་ལྡན་གྱི་རྣམ་ཐར་མཁས་བླུན་ཀུན་གྱི་རྣ་བར་འཇེབས་པའི་གླིང་བུའི་སྒྲ་དབྱངས》 དཔལ་རྡོ་རྗེ་འཇིགས་མཛད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་དགྲ་བགེགས་བསྲེགས་པའི་མེ་ཕུང་》སོགས་མང་པོ་མཛད། དགུང་གྲངས་ང་དགུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པ་ལྕགས་སྦྲུལ (༡༨༢༡) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1763 ལོར་ཇེ་འཕེལ་ཐོག་ཏུ་ཡབ་ཨ་འགྲུབ་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1821 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཆོས་སྡེ་ཆེན་པོ་དགའ་ལྡན་དོན་གྲུབ་གླིང་དུ་མངའ་གསོལ། དགུང་ལོ་བདུན་པར་ཀླུ་སྒྲུབ་མཆོག་སྤྲུལ་ངག་དབང་འཇིགས་མེད་ལ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་ཉི་མ་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགེ་བའི་བཤེས་གཉེན་བློ་བཟང་དཔལ་སྦྱིན་གྱི་དྲུང་[105]ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། ཁུ་བོ་ཀླུ་སྒྲུབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་འཛིན་གསུམ་ལ་ལེགས་པ་བསླབས། དེ་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱངས་མཛད། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གླིང་བསྲེའི་མཚན་བཏགས་བཞེས་ཏེ་མདོ་སྨད་དུ་བྱོན་ནས་ཆོས་སྡེ་དོན་གྲུབ་གླིང་དང་། སྦྲ་ནག་བདེ་ཆེན། བཀྲ་ཐང་སོགས་དགོན་སྡེ་ཁག་ལ་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མཛད། ཆོས་སྡེ་དོན་གྲུབ་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཤིང་འཆད་ཉན་སྤེལ། དགུང་ལོ་ལྔ་བཅུ་ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། །ཁོང་གི་གསུང་རྩོམ་ནི《བློ་སྦྱོང་བྱང་ཆེན་བགྲོད་པའི་བདེ་ལམ》དང་། 《ཚེ་དབང་བསྐུར་ཚུལ་ལག་ལེན་རབ་གསལ》། 《ཚེ་ཐར་གཏོང་ཚུལ》། 《རྣམ་དབྱེ་ཕྲད་དང་བཅས་པའི་དཔེར་བརྗོད་མུ་ཏིག་དཀར་པོའི་དོ་ཤལ》། 《རྫ་རག་གསེར་ལྡན་གྱི་རྣམ་ཐར་མཁས་བླུན་ཀུན་གྱི་རྣ་བར་འཇེབས་པའི་གླིང་བུའི་སྒྲ་དབྱངས》། 《མི་རྟག་པའི་མགུར་མ》བཅས་ཆོས་ཚན་ལྔ་བཅུ་ང་ལྔ་ལོངས་པའི་པོད་གཉིས་བཞུགས་སོ། །

language:
Tibetan