- bkra ro
- ID:
- T223716
- བཀྲ་རོ (Tibetan, Tibetan script, Original)
- > bkra ro (Tibetan, Latin script, Transliteration-THL Extended Wylie Transliteration)
- > tra ro (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འབྱུང་རྩིས་ཀྱི་ཐ་སྙད་དེ། བཀྲ་ཤིས་པའི་རོ་ཞེས་པ་ལོ་བརྒྱད་ཅུ་གྱ་གཅིག་ལས་བརྒལ་བ། བུ་བརྒྱུད་ཚང་མ་གསོན་པོར་གནས་པ། མི་ཚེ་གཅིག་ལ་མུ་གེ་བཀའ་ཆད་སོགས་ཀྱི་སྡུག་བསྔལ་གྱིས་མ་བཙེན་པའི་མིའི་རོ་ལ་བཀྲ་རོ་དཀར་པོ་ཟེར། ལོ་གྱ་གཅིག་བརྒལ་ཞིང་བུ་བརྒྱུད་རྣམས་གསོན་པོར་ཡོད་པ། མི་ཚེ་ལ་བདེ་སྡུག་གང་གོང་སྟོང་བྱུང་བའི་མི་དེའི་རོ་ལ་བཀྲ་རོ་ཁྲ་བོ་ཟེར། རང་ལོ་གྱ་གཅིག་ལས་བརྒལ་བ། མི་ཚེ་བདེ་སྐྱིད་ཤས་ཆེ་བ། བུ་བརྒྱུད་འགའ་ཞིག་སྔོན་དུ་འཆི་རྐྱེན་སོང་བའི་མི་དེའི་རོ་ལ་བཀྲ་རོ་ནག་པོ་ཟེར།
- language:
- Tibetan