- bkra shis dgon
- ID:
- T223719
- བཀྲ་ཤིས་དགོན (Tibetan, Tibetan script, Original)
- > bkra shis dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བཏབས་དུས་དང་འདེབས་མཁན་གསལ་པོ་མ་རྙེད། ཐོག་མར་བོན་པོའི་དགོན་པ་ཞིག་ཡོད་པ་དེ་རྗེས་སུ་འབྲི་གུང་པའི་དགོན་པར་གྱུར། སྤྱི་ལོ་༡༢༩༠ལོར་ས་འབྲི་འཁྲུགས་པས་འབྲི་གུང་གླིང་ལོག་སྐབས་ཁམས་ཕྱོགས་ཀྱི་འབྲི་དགོན་རྣམས་གཏོར་བརླགས་ཐེབས་ཏེ་དགོན་པ་འདི་ཡང་ཉམས་དམས་པར་གྱུར། སྤྱི་ལོའི་དུས་རབས་ཉི་ཤུ་པའི་སྟོད་ནས་མགར་སྤྲུལ་དཀོན་མཆོག་བསྟན་འཛིན་གྱིས་དགོན་འདི་དར་སྤེལ་གཏོང་། གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོངས་སུ་ཡོད།
- language:
- Tibetan