- bkra shis sgo mang gi rnam par 'dren pa ngag dbang phun tshogs
- ID:
- T223721
- བཀྲ་ཤིས་སྒོ་མང་གི་རྣམ་པར་འདྲེན་པ་ངག་དབང་ཕུན་ཚོགས (Tibetan, Tibetan script, Original)
- > bkra shis sgo mang gi rnam par 'dren pa ngag dbang phun tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi go mang gi nampar drenpa ngawang püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདིར(མཆན། འདིར་ཞེས་པ་ནི་༡༩༨༧ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི《མི་དབང་རྟོགས་བརྗོད》ལྕགས་དཔར་མའི་ཤོག་གྲངས༣༣༣ཕྲེང་བཅུ་པའི་ཐོག་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་བཀྲ་ཤིས་སྒོ་མང་གི་རྣམ་པར་འདྲེན་པ་ངག་དབང་ཕུན་ཚོགས་ཇུན་གར་དུ་བསྐྱོད་པར་ཕྱོགས་པ་ལ་ཞེས་པར་གོ་དགོས)སྒོ་མང་གྲྭ་ཚང་གི་མཁན་པོ་ཇུན་གར་གྱི་སོག་རིགས་ཡིན་པ་བློ་བཟང་ཕུན་ཚོགས་ལ་ཟེར་རྒྱུ་ཡིན་ཀྱང་ཡིག་ནོར་བྱུང་བ་འདྲ་སྟེ། ཕོ་ལྷ་བ་དང་འབྲེལ་བ་བཟང་པོ་ཡོད་པའི་འབྲས་སྤུངས་སྒོ་མང་གི་མཁན་པོ་ཇུན་གར་གྱི་སོག་རིགས་ཡིན་པ་དེ་ནི་གོ་ཤྲི་ཧན་གྱི་དམག་རོགས་བཱ་ཐུར་ཧོང་ཐའི་ཇི་ལ་བུ་བདུན་ཡོད་པའི་བདུན་པ་དེ་ཡིན་ཅིང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཐོག། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་རྩ་བའི་བླ་མར་བསྟེན་ཏེ་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་ནས་སྒོ་མང་གྲྭ་ཚང་གི་མཁན་པོ་ཡུན་མི་རིང་ཙམ་གནང་ཞིང་། མཁན་ཟུར་གྱི་སྐབས་རྒྱལ་པོ་ལྷ་བཟང་གིས་མཚོ་སྔོན་དུ་འཚམས་འདྲིའི་མི་སྣར་མངགས་པ་ལྟར་ཕེབས་པའི་ལམ་བར་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་མཇལ་ནས་ལུང་བསྟན་བཀའ་སློབ་གནང་ཚུལ་རྣམ་ཐར་ནང་གསལ་བ་དེ་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོར་ཇུན་གར་བོད་ནས་མཐར་སྐྲོད་གཏོང་རྒྱུར་མན་ཆིང་སྲིད་གཞུང་གིས་མངགས་པའི་དམག་དཔུང་བོད་དུ་མ་འབྱོར་གོང་ཙམ་དུ་རང་ཡུལ་ཇུན་གར་ལ་ཕྱིར་ལོག་མཛད་པར་བརྟེན། གདན་ས་གསུམ་གྱི་ཁོངས་སུ་ཡོད་པའི་ཇུན་གར་གྱི་གྲྭ་རིགས་རྣམས་འཛིན་བཟུང་བྱེད་པའི་ཉེན་ཁ་ལས་གཡོལ་ཐུབ་པ་བྱུང་ཡོད།
- language:
- Tibetan
2. Thupten Phuntsok Dictionary
མི་དབང་རྟོགས་བརྗོད》ལས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་བཀྲ་ཤིས་སྒོ་མང་གི་རྣམ་པར་འདྲེན་པ་ངག་དབང་ཕུན་ཚོགས་ཇུན་གར་དུ་བསྐྱོད་པར་གོ་དགོས། ཕོ་བ་དང་འབྲེལ་བ་བཟང་པོ་ཡོད་པའི་འབྲས་སྤུངས་སྒོ་མང་གི་མཁན་པོ་ཇུན་གར་གྱི་སོག་རིགས་ཡིན་པ་དེ་ནི་གོ་ཤྲི་ཧན་གྱི་དམག་རོགས་བཱ་ཐུར་ཧོར་ཐའི་ཇི་ལ་བུ་བདུན་ཡོད་པའི་བདུན་པ་དེ་ཡིན་ཅིང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཐོག འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་རྩ་བའི་བླ་མར་བསྟེན་ཏེ་གཞུང་ཆེན་མོ་ལ་སློབ་གཉེར་མཐར་ཕྱིན་ནས་སྒོ་མང་གྲྭ་ཚང་གི་མཁན་པོ་ཡུན་མི་རིང་ཙམ་གནང་ཞིང་། མཁན་ཟུར་གྱི་སྐབས་རྒྱལ་པོ་ལྷ་བཟང་གིས་མཚོ་སྔོན་དུ་འཚམས་འདྲིའི་མི་སྣར་མངགས་པ་ལྟར་ཕེབས་པའི་ལམ་བར་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་མཇལ་ནས་ལུང་བསྟན་བཀའ་སློབ་གནང་ཚུལ་རྣམ་ཐར་ལས་གསལ།
- language:
- Tibetan