Skip to main content Skip to search
bkra shis sgo mang gtsug lag khang
ID:
T223724
  • བཀྲ་ཤིས་སྒོ་མང་གཙུག་ལག་ཁང (Tibetan, Tibetan script, Original)
    • > bkra shis sgo mang gtsug lag khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tashi go mang tsuklakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་གི་རྒྱལ་པོ་འབུམ་ལྡེ་མགོན་གྱིས་རབ་བྱུང་ལྔ་པའི་ལྕགས་རྟ(༡༢༧༠)ལོར་མངའ་རིས་ཁྱུང་རྫོང་དཀར་པོ་བརྩིགས་གྲུབ་པའི་རྗེས་སུ་མུ་མཐུད་ནས་ཡབ་ཡུམ་གཉིས་ཀྱི་དགེ་རྩའི་ཆེད་དུ་བཞེངས་པའི་གཙུག་ལག་ཁང་གི་མིང་སྟེ། གཙུག་ལག་ཁང་དེའི་རྒྱ་ཁྱོན་ཀ་བ་དྲུག་ཅུའི(སྦུག་གི་གཙང་ཁང་ལ་ཀ་བ་ཉི་ཤུ་རྩ་བཞི། མདོའི་ཁྱམས་ཆེན་ལ་ཀ་བ་སུམ་ཅུ་སོ་དྲུག)ཚད་དང་། ཀ་གདན་རྡོ་ལས་གྲུབ་པའི་རུས་སྦལ་གཟུགས་ཀྱི་ཀ་བ་དང་བྲེ་གདན། བྲེ་ཕུལ་སོགས་མེ་ཏོག་དང་སྲོག་ཆགས་ཀྱི་གཟུགས་འགྲོས་སྣ་ཚོགས་བརྐོ་དཀྲོལ་རྒྱན་བཀོད་ཕུན་སུམ་ཚོགས་ཤིང་། རྩིག་པ་སྲ་བརྟན་གྱི་ཚད་ཀྱང་། རབ་བྱུང་ལྔ་པའི་ལྕགས་རྟ་ལོ་ནས་རབ་བྱུང་བཅུ་གསུམ་པའི་མེ་ཡོས་བར་ལོ་བཞི་བརྒྱ་བདུན་ཅུ་དོན་བདུན་འདས་ཤིང་། དུས་ཕྱིས་གཙུག་ལག་ཁང་ལ་སྲི་ཞུ་ཆེས་བརྩོན་པ་ཡང་དཀོན་རུང་། ཞིག་རལ་རྡིབ་འཁྱོམ་ཡོ་འཆུག་ཅུང་ཟད་ཀྱང་མ་སོང་བར་གནས་པ་འདི་ནི་ངོ་མཚར་བའི་ཡུལ་དུ་སྣང་ངོ་ཞེས་ཀ་ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་མཛད་པའི《མངའ་རིས་གུང་ཐང་གི་རྒྱལ་རབས་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང》ལྕགས་དཔར་མའི་ཤོག་གྲངས༡༠༤ནས༦བར་གསལ། གཙུག་ལག་ཁང་འདིའི་འཛུགས་སྐྲུན་དང་ནང་གི་རྟེན་བཞེངས་བཅས་ཡོངས་རྫོགས་གྲུབ་པར་ལོ་བརྒྱད་འགོར་ཏེ། རབ་བྱུང་གོང་གསལ་གྱི་མེ་གླང(༡༢༧༧)ལོར་འགྲོ་མགོན་འཕགས་པ་རིན་པོ་ཆེ་ཧོར་སོག་གི་ཡུལ་ནས་བོད་དུ་ཐེངས་གཉིས་པ་ཕེབས་འབྱོར་བྱུང་བ་དང་དུས་མཚུངས་གྲུབ་པ་ཞིབ་པར་གོང་གསལ་རྒྱལ་རབས་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་འབུམ་ལྡེ་མགོན་གྱིས་རབ་བྱུང་ལྔ་པའི་ལྕགས་རྟ (༡༢༧༠) ལོར་མངའ་རིས་ཁྱུང་རྫོང་དཀར་པོ་བརྩིགས་གྲུབ་པའི་རྗེས་སུ་མུ་མཐུད་ནས་ཡབ་ཡུམ་གཉིས་ཀྱི་དགེ་རྩའི་ཆེད་དུ་བཞེངས་པའི་གཙུག་ལག་ཁང་གི་མིང་ཡིན།

language:
Tibetan