- bkra shis rdo kha ma
- ID:
- T223734
- བཀྲ་ཤིས་རྡོ་ཁ་མ (Tibetan, Tibetan script, Original)
- > bkra shis rdo kha ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi do kha ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་གི་མིང་སྟེ། སྔར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བདུན་པའི་ཤིང་རྟ(༡༤༡༤)ལོར་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་པ་ལྟར་འོན་བཀྲ་ཤིས་རྡོ་ཁར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དབུ་སྐྲ་བུབས་རེ་གཟུངས་སུ་བཞུགས་པའི་འདྲ་སྐུ་བརྒྱད་བཞེངས་པ་ལ་རྗེ་ཉིད་ཀྱིས་རབ་གནས་མཛད་པས། སྐུ་འདྲ་བཞེངས་པའི་གནས་ཀྱི་མིང་སྐུ་བརྙན་ལ་ཐོགས་པ་ཞིག་ཡིན། འདྲ་སྐུ་འདི་དག་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བའི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི《བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་གྱི་དཀར་ཆག》དང《རོང་པོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར》བཅས་ལས་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་ཕྱག་བཟོ་ཡིན་པར་གསུངས། འདྲ་སྐུ་དེ་ཡི་གྲས་རྩེ་པོ་ཏཱ་ལ་དང་། བཀྲ་ཤིས་ལྷུན་པོ། འབྲས་སྤུངས། བཀྲ་ཤིས་འཁྱིལ། སྐུ་འབུམ། གསེར་ཁོགབྱ་ཁྱུང་བཅས་སུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་གི་མིང་སྟེ། སྔར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བདུན་པའི་ཤིང་རྟ (༡༤༡༤) ལོར་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་པ་ལྟར་འོན་བཀྲ་ཤིས་རྡོ་ཁར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དབུ་སྐྲ་བུབས་རེ་གཟུངས་སུ་བཞུགས་པའི་འདྲ་སྐུ་བརྒྱད་བཞེངས་པ་ལ་རྗེ་ཉིད་ཀྱིས་རབ་གནས་མཛད་པས། སྐུ་འདྲ་བཞེངས་པའི་གནས་ཀྱི་མིང་སྐུ་བརྙན་ལ་ཐོགས་པ་ཞིག་ཡིན།
- language:
- Tibetan