- bkra shis lde mgon
- ID:
- T223735
- བཀྲ་ཤིས་ལྡེ་མགོན (Tibetan, Tibetan script, Original)
- > bkra shis lde mgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi dé gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་དུས་རབས་དགུ་པའི་སྨད་དུ་བོད་ས་གནས་སུ་འབངས་གྱེན་ལོག་བྱུང་རྗེས། མངའ་བདག་དཔལ་འཁོར་བཙན་གྱི་བཙུན་མོ་ཆེ་བའི་སྲས་སྐྱིད་ལྡེ་ཉི་མ་མགོན་སྟོད་མངའ་རིས་སུ་བྱོན་ནས་བཙུན་མོ་ཅོག་རོ་བཟའ་ལ་སྲས་མགོན་གསུམ(༡དཔལ་གྱི་རིག་པ་མགོན་༢བཀྲ་ཤིས་ལྡེ་མགོན། ༣ལྡེ་གཙུག་མགོན)བྱུང་བའི་འབྲིང་པོ་བཀྲ་ཤིས་མགོན་ལ་ཟེར། སྲས་གསུམ་ལ་ཡབ་ཀྱིས་མངའ་རིས་སོ་སོར་བགོས་ནས་གནང་སྐབས་བཀྲ་ཤིས་མགོན་ལ་སྤུ་རངས་ཀྱི་ཡུལ་གྲུ་གནང་སྟེ་སྲིད་དབང་བཟུང་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་དུས་རབས་དགུ་པའི་སྨད་དུ་བོད་ས་གནས་སུ་འབངས་གྱེན་ལོག་བྱུང་རྗེས། མངའ་བདག་དཔལ་འཁོར་བཙན་གྱི་བཙུན་མོ་ཆེ་བའི་སྲས་སྐྱིད་ལྡེ་ཉི་མ་མགོན་སྟོད་མངའ་རིས་སུ་བྱོན་ནས་བཙུན་མོ་ཅོག་རོ་བཟའ་ལ་སྲས་མགོན་གསུམ (༡ དཔལ་གྱི་རིག་པ་མགོན། ༢ བཀྲ་ཤིས་ལྡེ་མགོན། ༣ ལྡེ་གཙུག་མགོན) བྱུང་བའི་འབྲིང་པོ་བཀྲ་ཤིས་མགོན་ལ་ཟེར། སྲས་གསུམ་ལ་ཡབ་ཀྱིས་མངའ་རིས་སོ་སོར་བགོས་ནས་གནང་སྐབས་བཀྲ་ཤིས་མགོན་ལ་སྤུ་རངས་ཀྱི་ཡུལ་གྲུ་གནང་སྟེ་སྲིད་དབང་བཟུང་བ་ཡིན།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་པུ་རངས་སུ་ཡབ་སྐྱིད་ལྡེ་ཉི་མ་མགོན་དང་། ཡུམ་ཅོག་རོ་བཟའ་ཟངས་ཁ་[109]མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་སོན་རྗེས་ཞང་ཞུང་དང་ཡ་རྩེ་བཅས་ལ་མངའ་མཛད་ནས་ཆབ་སྲིད་བསྐྱངས་ཤིང་། བོད་ལུགས་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 965 ལོར་རིགས་སྲས་སྲོང་ངེ་སྐུ་འཁྲུངས་པ་དང་། དེ་རྗེས་རིགས་སྲས་འཁོར་རེ་སྐུ་འཁྲུངས་སོ། གོང་གི་གནས་ཚུལ་དེ་རིགས་ནི《རྒྱལ་རབས་གསེར་གྱི་ཕྲེང་བ》དང་། 《ལ་དྭགས་རྒྱལ་རབས》གཉིས་གཙོ་བོར་བཟུང་ནས་བཀོད་པ་ཡིན། ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་ཡ་གྱལ་ཞིག་ཡིན་ནོ།།
- language:
- Tibetan